མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚན་པ་མང་པོས་མཉམ་འབྲེལ་ཐོག་མཐོ་རིམ་སློབ་གྲྭའི་ཡིག་ཚད་གཏོང་བའི་ཁོར་ཡུག་གཙང་མ་བཟོ་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-09 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་སྤྱི་ཚེས4ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་རིམ་སློབ་གྲྭའི་ཡིག་ཚད་མ་གཏོང་གོང་། ས་གནས་ཁག་གི་སྤྱི་བདེ་དང་། བཟོ་ལས་དང་ཆ་འཕྲིན་ཅན། སློབ་གསོ་སོགས་ཚན་པས་མཉམ་འབྲེལ་ཐོག་རྐུ་རྒྱག་ཡོ་བྱད་བྲིན་ཚོང་བྱེད་མཁན་ལ་རྡུང་རྡེག་དང་། ཡིག་ཚད་གཏོང་སའི་མཐའ་འཁོར་ཁོར་ཡུག་བཅོས་སྐྱོང་། ཡིག་ཚད་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་དྲ་བའི་ཁོར་ཡུག་གཙང་སེལ་སོགས་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས། ཁྲིམས་ལྟར་ཉེས་བསགས་ཚོགས་པ་ཁག་ཅིག་ལ་རྡུང་རྡེག་བཏང་ཡོད་པ་རེད།

གཞན་ཡང་། སློབ་གསོ་པུའི་འབྲེལ་ཡོད་ཚན་པས་ཞིང་ཆེན་དང་ས་གནས། རྫོང་རིམ་པ་གསུམ་གྱི་སློབ་གསོ་དང་སློབ་མ་བསྡུ་བའི་ཡིག་ཚད་གཏོང་མཁན་ཚན་པའི་འགན་འཁུར་བ་ཁག་ཅིག་དང་བགྲོ་གླེང་བྱས་ནས། ཡིག་ཚད་གཏོང་བའི་སྒྲིག་ཁྲིམས་ལེགས་བཅོས་དང་། ཉམས་ཞན་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་རྒྱུ། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ། འགན་འཁྲི་རྩད་གཅོད་ནན་པོ་བྱ་རྒྱུ་སོགས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

སློབ་གསོ་པུས་སླར་ཡང་རྒྱ་ཆེའི་ཡིག་ཚད་གཏོང་མཁན་ནས་གཡོ་ཟོལ་མེད་པའི་ངང་ཡིག་ཚད་གཏོང་དགོས་པ་དང་། རང་འགུལ་ངང་ཡིག་ཚད་གཏོང་བའི་སྒྲིག་ལམ་དང་རྒྱུགས་རའི་སྒྲིག་སྲོལ་ལ་བརྩི་འཇོག་བྱེད་དགོས་པ། རིགས་ཁག་གི་ཚོགས་པ་དང་མི་སྒེར་གྱིས་ཡིག་ཚད་གཏོང་རོགས་བྱ་རྒྱུའི་མགོ་སྐོར་བསླུ་བྲིད་འོག་མི་ཚུད་པ་བྱེད་དགོས་པ། རིགས་ཁག་གི་གྱོང་གུན་མི་ཕོག་པ་བྱེད་དགོས་པ་བཅས་ཀྱི་དྲན་སྐུལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག