མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་མཐོ་རྒྱུགས་སྐབས་སྒྲིག་འགལ་བྱེད་སྒོ་བཀག་འགོག་ནན་པོ་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-09 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་རྒྱལ་ཡོངས་གཅིག་གྱུར་ཡིག་རྒྱུགས་དེ་སྤྱི་ཟླ་དྲུག་པའི་ཚེས་བདུན་ཉིན་ནས་བརྒྱད་ཉིན་བར་གཏོང་རྒྱུ་དང་། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་ཡིག་རྒྱུགས་ཀྱང་ཆབས་ཅིག་ཏུ་གཏོང་རྒྱུ་རེད། སློབ་གསོ་སྡེ་ཁག་གིས་རྒྱལ་ཁབ་ཀྱི་གཅིག་གྱུར་ཡིག་རྒྱུགས་ལས་དོན་ཐད་ཀྱི་ཚན་པ་མཉམ་ཞུགས་གྲོས་ཚོགས་་ཀྱི་ཁོངས་གཏོགས་ཚན་པ་དང་མཉམ་དུ་བྱ་ཐབས་སྣ་ཚོགས་སྤྱད་ནས། རྒྱུགས་ལེན་གྱི་ཁོར་ཡུག་ཐད་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་དང་། རྒྱུགས་སྲོལ་རྒྱུགས་ཁྲིམས་ནན་ཏུ་བཏང་ནས། རྒྱུགས་ལེན་གྱི་སྒྲིག་ལམ་ཡག་པོར་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ་རེད་ཅེས་གསུངས་འདུག

སློབ་གསོ་པུའུ་ཡིས་རྒྱ་ཆེའི་རྒྱུགས་ལེན་སློབ་མར་དྲན་སྐུལ་བྱས་པར། གཞུང་དྲང་གི་ཐོག་ནས་རྒྱུགས་ལེན་ནང་ཞུགས་ནས། རང་རྟོག་ངང་རྒྱུགས་ལེན་གྱི་སྒྲིག་ལམ་དང་རྒྱུགས་རའི་སྒྲིག་སྲོལ་ལ་བརྩི་སྲུང་བྱ་དགོས་པ་དང་། མགོ་སྐོར་ཚོགས་པ་ཁག་དང་མི་སྒེར་གྱི་རྒྱུགས་རོགས་ཟེར་བ་སོགས་ཀྱི་མགོ་སྐོར་འོག་མི་ཚུད་པ་བྱ་དགོས་ཀྱི་ཡོད་པ་རེད། སློབ་གསོ་སྡེ་ཁག་གིས་མཐོ་རྒྱུགས་ནང་གི་སྒྲིག་འགལ་ལུགས་འགལ་གྱི་བྱེད་སྒོ་ཁག་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་དང་། རྒྱུགས་ལེན་སྐབས་རྫུན་བཟོ་བྱེད་མཁན་གྱི་རྒྱུགས་ལེན་པ་རྣམས་ལ། རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ཀྱི་སྒྲིག་འགལ་ཐག་གཅོད་བྱ་ཐབས་ཞེས་པའི་འབྲེལ་ཡོད་གཏན་འབེབས་ལྟར། ལོ་དེའི་མཐོ་རྒྱུགས་ནང་ཞུགས་པའི་དབང་ཆའམ་སློབ་བསྡུའི་ཐོབ་ཐང་རྩིས་མེད་གཏོང་རྒྱུ་མ་ཟད། སྒྲིག་འགལ་གྱི་དོན་དངོས་དག་རྒྱུགས་ལེན་པའི་ཡིད་རྟོན་གློག་རྡུལ་ཡིག་ཚགས་ནང་བཅུག་ནས། སློབ་མ་བསྡུ་མཁན་མཐོ་རིམ་སློབ་གྲྭ་ཁག་དང་སླད་ཕྱིན་ལས་མི་བསྡུ་མཁན་གྱི་ཚན་པ་ཁག་ནས་བལྟ་བཤེར་བྱ་རྒྱུར་མཁོ་འདོན་བྱ་རྒྱུ། སློབ་གྲྭར་ཞུགས་ཟིན་པ་དག་གི་སློབ་ཐོ་རྩིས་མེད་གཏོང་རྒྱུ། གཏན་འབེབས་ལས་བརྒལ་བའི་སློབ་གསོའི་ཁོངས་གཏོགས་ཀྱི་མི་སྣར་འབྲེལ་ཡོད་ས་གནས་དང་ཚན་པས་ཐག་གཅོད་ནན་པོ་བྱེད་དུ་འཇུག་པ་ལས་ཐར་པར་གཏན་ནས་མི་གཏོང་རྒྱུ། ཉེས་གསོག་དང་འབྲེལ་བ་ཡོད་པ་དག་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག