མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཏང་སྟེ་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་རྟོག་ཞིབ་བཤེར་བྱེད་རྒྱུ་བཀོད་སྒྲིག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-08 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་དྲུག་ཉིན་བརྡ་ཐོ་བཏང་སྟེ། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོ་ལེགས་བཅོས་བྱས་པ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་རྟོག་ཞིབ་བཤེར་བྱེད་རྒྱུ་བཀོད་སྒྲིག་བྱས། དེ་ནི་སྐབས་གསར་བའི་སྲིད་གཞུང་བཙུགས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག གཏན་ལ་ཕབ་པའི་སྲིད་ཇུས་དང་བྱེད་ཐབས་བཅས་དངོས་འབེབས་བྱེད་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་རྟོག་དང་ཞིབ་བཤེར་ཐེངས་ཤིག་བྱས་པ་རེད།

བརྡ་ཐོའི་ནང་བསྟན་དོན། ཐེངས་འདིའི་ལྟ་རྟོག་ཞིབ་བཤེར་གྱི་ནང་དོན་གཙོ་བོ་ནི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཀོད་སྒྲིག་བྱས་པའི་ཉིས་སྟོང་བཅུ་བཞི་ལོའི་བྱ་བ་གཙོ་བོ་དང་ན་ནིང་ལོ་སྨད་ཀྱི་ཚུན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོ་ལེགས་བཅོས་བྱེད་པ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་རྟོག་ཞིབ་བཤེར་བྱེད་རྒྱུ་དེ་ཡིན་པ་དང་དེའི་ནང་དུ་ཕྱོགས་བཅུ་དགུའི་ནང་དོན་གཙོ་བོ་འདུས་ཡོད། ཐེངས་འདིའི་ལྟ་རྟོག་ཞིབ་བཤེར་ཐད་ནས་གསར་སྐྲུན་གྱི་རྣམ་པར་བརྟེན་ནས་རང་གིས་རང་ལ་ཞིབ་བཤེར་དང་ཡུལ་དངོས་ལ་ཞིབ་བཤེར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་ལྟ་རྟོག་ཞིབ་བཤེར་དང་ཕྱོགས་གསུམ་པའི་དཔྱད་ཞིབ་ཟུང་འབྲེལ་བྱེད་པ། ལྟ་རྟོག་ཞིབ་བཤེར་དང་སྤྱི་ཚོགས་ཀྱི་གདེང་འཇོག་བྱེད་པ་ཟུང་འབྲེལ་བྱེད་པ། ལྟ་རྟོག་ཞིབ་བཤེར་དང་གླེང་ཕྱོགས་མཛུབ་སྟོན་ཟུང་འབྲེལ་བྱེད་རྒྱུ་བཅས་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག