མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིའི2014ལོའི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་དམག་དོན་དང་བདེ་འཇགས་གོང་འཕེལ་སྙན་ཞུའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-07 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་སྤྱི་ཚེས6ཉིན་ ཐད་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། ཨ་རིའི་ཕྱོགས་ནས་འཇམ་འཐབ་བསམ་བློ་དོར་ནས། དོན་དངོས་དང་སྟངས་འཛིན་གྱི་ལྟ་སྟངས་ཐོག་ནས་ཀྲུང་གོའི་དམག་དོན་གོང་འཕེལ་ལ་ལྟ་སྟངས་འཛིན་རྒྱུ་དང་། ཀྲུང་གོའི་དམག་དོན་འཐབ་ཇུས་ལ་གོ་ནོར་ཐེབས་པའམ་སྐྱོན་བརྗོད་བྱེད་མཚམས་འཇོག་རྒྱུའི་རེ་བ་ཡོད་ཅེས་དང་། ཁོང་གིས་ཀྲུང་གོ་ཐོག་མཐའ་བར་གསུམ་དུ་ཞི་བའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་བཞིན་ཡོད་པ་དང་། འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་མཁན་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཀྲུང་གོའི་རྒྱལ་སྲུང་འཛུགས་སྐྲུན་ནི་རྦད་དེ་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་ཆེད་ཡིན། འདི་ནི་བདག་དབང་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་དེར་ལྡན་པའི་རྒྱུན་ལྡན་གྱི་དབང་ཆ་ཡིན་ཞེས་བཤད་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག