མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲུང་པུས་ཨ་རིའི་ཕྱོགས་ནས་ཀྲུང་གོའི་དམག་དོན་འཇིགས་སྐུལ་ཞེས་པ་འུད་སྒྲོག་བྱས་པ་དེ་ནི་རྦད་དེ་ནོར་འཁྲུལ་ཞིག་ཡིན་ཞེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-07 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་སྲུང་པུས་སྤྱི་ལོ2014ལོའི་ལོ་འཁོར་མོའི་ཀྲུང་གོའི་དམག་དོན་དང་བདེ་འཇགས་འཕེལ་རིམ་གྱི་གོང་འཕེལ་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པར་དམིགས་ནས། རྒྱལ་སྲུང་པུའི་གསར་འགྱུར་བྱ་དོན་ཅུད་ཀྱིས་སྤྱི་ཟླ་དྲུག་པའི་ཚེས་དྲུག་ཉིན་ཨ་རིའི་ཕྱོགས་ནས་ལོ་ལྟར་སྤེལ་བའི་ཀྲུང་གོའི་དམག་དོན་དང་བདེ་འཇགས་འཕེལ་རིམ་གྱི་གོང་འཕེལ་སྙན་ཞུ་ཟེར་བའི་ནང་། ཀྲུང་གོའི་རྒྱུན་ལྡན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་སྐྱོན་འཛུགས་བྱས་པ་དང་། ཀྲུང་གོའི་དམག་དོན་འཇིགས་སྐུལ་ཞེས་པ་འུད་སྒྲོག་བྱས་པ་དེ་ནི་ནོར་འཁྲུལ་གྱི་བྱེད་སྟངས་ཤིག་ཡིན། ང་ཚོས་དོན་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རིའི་སྤྱི་ལོ2014ལོའི་ལོ་འཁོར་མོའི་འབྲེལ་ཡོད་སྙན་ཞུའི་སྐོར་གྱི་ཞིབ་ཕྲའི་ནང་དོན་ལ་ང་ཚོས་དཔྱད་དཔོག་བྱེད་བཞིན་ཡོད་པ་དང་། གནས་ཚུལ་ལ་གཞིགས་ནས་ལན་ཆ་སྔར་ལས་ལྷག་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག