མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུས་ལྗར་ཕན་གྱི་འགོ་ཁྲིད་པས་བཙན་འཛུལ་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱ་རྒྱུའི་སྐུལ་མ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-07 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་སྤྱི་ཚེས6ཉིན་ལྗར་ཕན་གྱི་འགོ་ཁྲིད་མི་སྣས་བཙན་འཛུལ་ལོ་རྒྱུས་ལ་མི་གཡོལ་བ་དང་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུའི་སྐུལ་མ་བཏང་ཡོད་པ་རེད། ཧུང་ལེས་དེ་རིང་ནི་ནོ་མན་ཏིར་དཔུང་འཇུག་བྱས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པ་དང་། ཡོ་རོབ་གླིང་དང་འཛམ་གླིང་ཧྲིལ་པོའི་ཞི་བདེར་དགའ་བའི་མི་རྣམས་ཀྱིས་དྲན་གསོ་ཞུ་གི་ཡོད། སྔོན་བྱུང་མ་བརྗེད་ཕྱིས་ཀྱི་མེ་ལོང་ཡིན་ཞེས་པ་ལྟར་འཛམ་གླིང་དམག་ཆེན་གཉིས་པས་ཡོ་རོབ་གླིང་དུ་ལོ་རྒྱུས་ཀྱི་ཤོ་ལོ་ཀ་གསར་པ་ཞིག་ཕྱེས་ཡོད་པ་དང་། འཇར་མན་གྱི་ལྷག་བསམ་རྣམ་དག་གི་འགྱོད་བཤགས་ལ་འཛམ་གླིང་གི་བརྩི་བཀུར་ཐོབ་ཡོད། འོན་ཀྱང་འཛམ་གླིང་དམག་ཆེན་གཉིས་པའི་ཨེ་ཤ་ཡ་གླིང་གི་འཐབ་སའི་བཙན་འཛུལ་པ་དང་དམག་འཁྲུག་ཕམ་ཉེས་རྒྱལ་ཁབ་ཡིན་པའི་ལྗར་ཕན་གྱི་འགོ་ཁྲིད་པས་ད་བར་ད་དུང་བཙན་འཛུལ་ལོ་རྒྱུས་བརྗེད་ཐབས་བྱེད་ཀྱི་ཡོད་ཅིང་། ལོ་རྒྱུས་གནད་དོན་ཐད་ཕྱིར་བཤོལ་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་རྩོད་བྱེད་ཀྱི་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ཁྱབ་ཐོག་སྐྱོན་བརྗོད་བྱེད་ཀྱི་ཡོད། ང་ཚོས་སླར་ཡང་ལྗར་ཕན་འགོ་ཁྲིད་པས་བཙན་འཛུལ་ལོ་རྒྱུས་ཁས་ལེན་བྱེད་པ་དང་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ནོར་འཁྲུལ་ཡོ་བསྲང་བྱས་ཐོག ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད །  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག