མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་གྲོས་ཚོགས་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-07 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་ཚོགས་དེ་སྤྱི་ཚེས6ཉིན་པེ་ཅིན་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་ལོ་ངོ་གཅིག་ལྷག་ཙམ་སོང་རིང་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ནུས་ལྡན་གྱི་སྒོ་ནས་ཁྲོམ་རའི་གསོན་ཤུགས་དང་གོང་འཕེལ་ནང་སྐྱེད་སྒུལ་ཤུགས་ལ་སྐུལ་སྤེལ་ཐེབས་ཡོད་པས་ཁས་ལེན་བྱེད་ཆོག སྲིད་འཛིན་སྒྲིག་སྲོལ་བསྒྱུར་བཅོས་གཏིང་གཟབ་ཏུ་གཏོང་རྒྱུ་དེ་ནི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན། ད་ལོ་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་བླང་བྱར་གཞིགས་ནས་མུ་མཐུད་དེ་འབད་བརྩོན་ཆེན་པོས་འགག་གཏོར་བྱེད་རྒྱུ་དང་མ་འཇོག་བྱ་གཞག་གསར་གཏོད་སོགས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྱབ་ཁོངས་ཐད་གཅིག་འདུས་བྱས་ཏེ་རིན་ཐང་ཆེ་བ་དང་ཁྲོམ་རའི་གསོན་ཤུགས་ལ་སྐུལ་སྤེལ་གཏོང་བའི་སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས200ཡན་སླར་ཡང་མེད་པར་བཟོ་རྒྱུའམ་གཤམ་སྤྲོད་བྱས་ནས་དེ་བས་མང་བའི་གློད་གྲོལ་བསྒྱུར་བཅོས་ཁེ་ཕན་ཐོབ་པ་བྱེད་དགོས་ཞེས་གསུང་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག