མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཕ་ཁི་སི་ཐན་སྐམ་དམག་གི་ཇུས་འདོན་དཔོན་པོ་ལཱ་ཞི་ཨར་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-06 10:57

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཕ་ཁི་སི་ཐན་སྐམ་དམག་གི་ཇུས་འདོན་དཔོན་པོ་ལཱ་ཞི་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཕ་ཁི་སི་ཐན་སྐམ་དམག་གི་ཇུས་འདོན་དཔོན་པོ་ལཱ་ཞི་ཨར་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུང་རྒྱུར། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་ཕན་ཚུན་འགྲོ་འོང་བྱེད་ཐེངས་མང་ཞིང་། ཐུན་མོང་གི་ལྟ་ཚུལ་མང་པོ་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བསླེབས་པས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་གསལ་བོར་མཚོན་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་སྔར་ལས་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བ་དམ་པོར་ཤུགས་བསྣན་ནས། མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། མཉམ་དུ་དར་རྒྱས་ཕུན་ཚོགས་སུ་གཏོང་བ་མངོན་འགྱུར་བྱས་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་དབང་གི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས་ཟེར། ཅང་མ་འགོར་བའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨེ་ཤ་ཡ་མཉམ་ལས་ཡིད་ཆེས་མཐོ་རིམ་གྲོས་ཚོགས་སྟེང་ཨ་ཤ་ཡའི་བདེ་འཇགས་ལྟ་བ་གླེང་ནས་ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་དང་ལེན་བྱས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕ་ཁི་སི་ཐན་དང་མཉམ་དུ་བདེ་འཇགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་བསྣན་ནས། ཨེ་ཤ་ཡ་ས་ཁུལ་ཞི་བདེ་བརྟན་འཇགས་སྲུང་སྐྱོང་བྱེད་པར་བྱས་རྗེས་འཇོག་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཀྱང་མུ་མཐུད་དུ་ཕ་ཁི་སི་ཐན་གྲོས་ཁང་གི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་དུ་གཏོང་འདོད་ཡོད་ཟེར།

ལཱ་ཞི་ཨར་གྱིས་བཤད་རྒྱུར། ཕ་ཁི་སི་ཐན་དང་ཀྲུང་གོ་བར་གྱི་མཛའ་བཤེས་ཇེ་བརྟན་དུ་གཏོང་བའི་བྱ་བ་ཧ་ཅང་གལ་ཆེ་བས། ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་ཀྱི་མཉམ་ལས་ཆུ་ཚད་ཇེ་མཐོར་བཏང་ནས། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག