མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དྲུག་པའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-06 10:57

ཟླ་དྲུག་པའི་ཚེས་ལྔ་ཉིན། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་དར་གོས་ཚོང་ལམ་གྱི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་ཨ་རབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པའི་གསུང་བཤད་གནང་།
ཟླ་དྲུག་པའི་ཚེས་ལྔ་ཉིན། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་དར་གོས་ཚོང་ལམ་གྱི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་ཨ་རབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པའི་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དྲུག་པ་དེ་ཟླ་དྲུག་པའི་ཚེས་ལྔ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་དར་གོས་ཚོང་ལམ་གྱི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་ཨ་རབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པའི་གསུང་བཤད་གནང་།ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གནའ་བའི་དར་གོས་ཚོང་ལམ་བརྒྱུད་དེ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མེས་པོ་གནའ་བོའི་འཛམ་གླིང་གི་རིགས་སོ་སོའི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་གི་མདུན་གྲས་སུ་བསླེབས་ཡོད། དེང་སྐབས་ཀྲུང་གོ་དང་ཨ་རབ་གཉིས་མི་རིགས་དར་རྒྱས་ཀྱི་ཐུན་མོང་གི་ལས་འགན་དང་འགྲན་རྩོད་མངོན་འགྱུར་བྱེད་པར་ཐུག་ཡོད་པས། ཕྱོགས་གཉིས་ཀྱིས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་འདོན་སྤེལ་བྱས་ནས། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་ཚོང་ལམ་འཛུགས་སྐྲུན་བྱེད་རྒྱུ་གོ་སྐབས་གསར་བ་དང་མགོ་ཚུགས་ས་གསར་བར་བརྩིས་ཏེ། ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མ་འོང་བའི་ལོ་བཅུ་དེ་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ལ་མཚོན་ན་འཕེལ་རྒྱས་ཀྱི་གནད་འགག་གི་དུས་སྐབས་ཤིག་ཡིན། མི་རིགས་དར་རྒྱས་ཀྱི་ཐུན་མོང་གི་ལས་འགན་དང་འགྲན་རྩོད་མངོན་འགྱུར་བྱེད་དགོས་ན། ང་ཚོས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་འདོན་སྤེལ་དང་། ཕན་ཚུན་བར་དཔལ་ཡོན་དཔྱད་གཞིར་འཛིན་པ། བདམས་པའི་བགྲོད་ལམ་ལ་བརྩི་འཇོག མཉམ་ལས་གཉིས་རྒྱལ་རྒྱུན་འཁྱོངས། གྲོས་མོལ་དང་ཞི་བདེ་དར་སྤེལ་བཅས་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་ཚོང་ལམ་འཛུགས་སྐྲུན་བྱེད་པ་ནི་གཉིས་ཕན་མཉམ་རྒྱལ་གྱི་བགྲོད་ལམ་ཞིག་ཡིན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་དར་གོས་ཚོང་ལམ་བརྒྱུད་དེ་ཕན་ཚུན་བར་འབྲེལ་འདྲིས་བྱས་ཏེ། མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་ཚོང་ལམ་འཛུགས་སྐྲུན་བྱེད་པའི་རང་བྱུང་གི་མཉམ་ལས་གྲོགས་པོར་གྱུར་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་གྲོས་མོལ་དང་མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཨ་རབ་གཉིས་ཀྱི་ཁེ་ཕན་ཐུན་མོང་ཚོགས་པ་དང་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་བཙུགས་པ་ནི་ང་ཚོས་ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བའི་ཡུན་རིང་གི་འཕེལ་རྒྱས་ལ་དམིགས་ཏེ་གཏན་ལ་ཕབ་པའི་འཐབ་ཇུས་གདམ་གསེས་ཡིན་པས། ཕྱོགས་གཉིས་ཀྱིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་ཚོང་ལམ་འཛུགས་སྐྲུན་བྱེད་པའི་གོ་སྐབས་གསར་བ་དམ་པོར་བཟུང་སྟེ། སྲིད་ཇུས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མུ་མཐུད་དུ་གསར་གཏོད་གསར་བསྐྲུན་བྱས་ནས། གླེང་སྟེགས་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་མཇུག་མཐར་གསུངས་རྒྱུར། ཀྲུང་ཧྭ་མི་རིགས་དང་ཨ་རབ་མི་རིགས་གཉིས་ཀྱིས་འོད་སྟོང་འབར་བའི་དཔལ་ཡོན་གསར་སྐྲུན་བྱས་པ་དང་། ཉེ་བའི་དུས་རབས་སུ་ཕྱོགས་གཉིས་དུས་རབས་ཀྱི་འགྱུར་ལྡོག་ཁྲོད་ཀྱག་ཀྱོག་གི་བགྲོད་ལམ་བརྒྱུད་མྱོང་བས། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་ནི་ང་ཚོ་ཕྱོགས་གཉིས་ཀྱི་རེ་སྙེག་ཡིན། ང་ཚོས་ལག་གདང་སྦྲེལ་ཏེ་དར་གོས་ཚོང་ལམ་གྱི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་ཨ་རབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་ཨ་རབ་དར་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་དགོས་ལ། མིའི་རིགས་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་བླ་མེད་ལས་དོན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་ཨ་པིས་ཨར་དང་། གྲོས་ཚོགས་ཀྱི་ཨ་རབ་ཕྱོགས་ཀྱི་ཀྲུའུ་ཞི། མའོ་ལོ་ཀིའི་ཕྱི་འབྲེལ་དང་མཉམ་ལས་བློན་ཆེན་མེས་ཙུའུ་ཨ་ཨེར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལ་པིས་བཅས་ཀྱིས་སོ་སོར་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག