མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཟ་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་མཐོ་རིམ་སློབ་ཆེན་གྱི་ཡིག་རྒྱུགས་རིང་གི་ཟ་འཐུང་ཞབས་ཞུའི་ཟ་རིགས་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-06 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཟ་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་དྲ་ཚིག་ཐོག་སྤྱི་ཚེས་༥ཉིན་བརྡ་ཐོ་བཏང་ནས་ས་གནས་ཁག་གི་ཟ་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་གཏོང་བ་དང་ཟ་འཐུང་ཞབས་ཞུའི་ཟ་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཡག་པོ་བྱས་ནས་མཐོ་རིམ་སློབ་ཆེན་གྱི་ཡིག་རྒྱུགས་དང་འབྲིང་རིམ་ཆེད་ལས་ཡིག་རྒྱུགས་རིང་གྱི་ཟ་འཐུང་ཞབས་ཞུའི་ཟ་རིགས་བདེ་འཇགས་འགན་ལེན་བྱེད་པ། ཟ་རིགས་ནང་དུག་ཕོག་པའི་དོན་གཞི་མ་ཐོན་པ་བྱེད་དགོས་པའི་བླང་བཏོན་འདུག བརྡ་ཐོའི་ནང་ད་དུང་། བབ་བསྟུན་ལས་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ཆ་འཕྲིན་ཐབས་ལམ་ཤར་གཏོང་ཡོང་བ་བྱེད་པ། དུས་ཐོག་ཏུ་མང་ཚོགས་ཀྱིས་ཞུ་གཏུག་བརྒྱབ་པ་དང་ཉེས་དོན་གོང་ཞུ་བྱས་པ་བདག་སྤྲོད་བྱེད་པ། ཟ་དུག་ཕོག་པ་སོགས་ཀྱི་ཟ་འཐུང་ཞབས་ཞུའི་ལྷུ་ཚིག་ཀྱི་ཟ་རིགས་བདེ་འཇགས་དོན་གཞི་ཐོན་ཚེ་མགྱོགས་པོ་དང་དུས་ཐོག འོས་འཚམ་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་པ་མ་ཟད་གཏན་འཁེལ་བྱས་པའི་དུས་ཚོད་ནང་གོ་རིམ་ལྟར་སྙན་ཞུ་་བྱེད་དགོས་པའི་བླང་བྱ་བཏོན་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག