མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་རོབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་དྲུག་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས་པའི་ཨ་རོབ་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-06 10:57

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨ་རོབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་དྲུག་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས་པའི་ཨ་རོབ་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་ཨ་རོབ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་པ་དང་། ཀྲུང་གོ་དང་ཨ་རོབ་འབྲེལ་བ་དེ་སྔར་སྲོལ་རྗེས་མཐུད་དང་མ་འོངས་གསར་གཏོད་ཀྱི་མགོ་ཚུགས་ས་གསར་བར་གནས་ཡོད་ལ། སྐབས་འདི་དང་བསྟུན་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་པར་དོན་སྙིང་གལ་ཆེན་ཡོད་པས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་གྲོས་ཚོགས་ལེགས་པོར་སྒྲུབ་པ་དང་གླེང་སྟེགས་འཛུགས་སྐྲུན་བཟང་བོ་བྱས་ནས། ཀྲུང་གོ་དང་ཨ་རོབ་འབྲེལ་བའི་ཐད་ལ་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།

ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་གྱིས་བཤད་རྒྱུར། ཨ་རོབ་ཕྱོགས་ཀྱིས་ཀྲུང་གོས་ཨ་རོབ་གནད་དོན་ཐད་ནས་ནམ་ཡང་དྲང་བདེན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་ཆེན་པོ་གནང་བར་མ་ཟད། ཨ་རོབ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་རེ་བ་དྲག་པོ་བཅངས་ཡོད། ཨ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

གྲོས་ཚོགས་ཀྱི་ཨ་རོབ་ཕྱོགས་ཀྱི་ཀྲུའུ་ཞི། མོ་ལོ་ཀིའི་ཕྱི་འབྲེལ་དང་མཉམ་ལས་བློན་ཆེན་མེ་ཙོ་ཨ་ཨར་གྱིས་བཤད་རྒྱུར། ཨ་རོབ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་རྒྱུན་རིང་ཞིང་རྨང་གཞི་བརྟན་པ་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག