མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའི་མགྲིན་ཚབ་པས་ངེས་པར་དུ་ཆབ་སྲིད་ཐོག་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-06 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས5ཉིན་སྐོང་འཚོགས་བྱས་པའི་ཕྱི་འབྲེལ་པུའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་སྤྱི་ཟླ6ཚེས4ཉིན་སི་རི་ཡའི་གཞུང་ཕྱོགས་ནས་ད་ལྟའི་ཙུང་ཐུང་པ་ཧྲར་ལ་འདེམས་བསྐོའི་ནང་རྒྱལ་ཁ་ཐོབ་པ་མ་ཟད་བསྟུད་མར་ཙུང་ཐུང་གི་འགན་བཞེས་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད། དོན་དེར་ཀྲུང་གོས་དཔྱད་གཏམ་གང་ཞིག་སྤེལ་གྱི་ཡོད་དམ་ཞེས་དྲིས་སྐབས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེའི་ཡིས་སི་རི་ཡའི་རྒྱལ་ནང་གི་དུས་བབ་ལ་འགྱུར་བ་གང་ཞིག་བྱུང་རུང་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པའི་དོན་དམ་གྱི་ལམ་བུ་ཉག་ཅིག་དེ་ཡིན་པས་ཡང་དག་པའི་ཁ་ཕྱོགས་དེ་ངེས་པར་དུ་རྒྱུན་འཁྱོངས་་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག