མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་ལྔ་པར་སླེབས་ཀྱི་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-05 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་གསུམ་ལྷག་ཙམ་རིང་ཤིན་ཅང་གི་འདམ་རའི་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་གཉིས་བྱས་པ་བརྒྱུད་ཤིན་ཅང་གི་འདམ་རའི་སྤྱིའི་རྒྱ་ཁྱོན་ཀུང་ཆིང་ས་ཡ3དང9འབུམ4ཁྲི8སྟོང2བརྒྱ་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་ལྔ་པར་སླེབས་ཀྱི་ཡོད་པ་དང་དེའི་ནང་འདམ་ར་སྲུང་སྐྱོབ་བྱེད་པའི་རྒྱ་ཁྱོན་ཀུང་ཆིང་ས་ཡ2དང1འབུམ1ཁྲི3སྟོང་བརྒྱ་ཟིན་པ་དང་སྲུང་སྐྱོབ་བྱེད་ཚད་བརྒྱ་ཆ53དང་གྲངས་ཆུང42ཟིན་ཞིང་དེ་རྒྱལ་ཡོངས་ཀྱི་བརྒྱ་ཆ43དང་གྲངས་ཆུང51གི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

ཤིན་ཅང་གི་རང་བྱུང་འདམ་ར་ཁྱབ་རྒྱ་ཆེ་བ་དང་ལྷག་པར་དུ་མཚོ་དང་མཚེའུའི་འདམ་རའི་རྒྱ་ཁྱོན་ཆེན་པོ་གནས་ཡོད་པས་ནང་ལོག་སྐམ་སའི་ཐན་སྐྱོན་ཆེ་བ། ཕྱེད་སྐམ་ཤས་ཆེ་བའི་ཤིན་ཅང་གི་སྐྱེ་ཁམས་འཛུགས་སྐྲུན་དང་སྐྱེ་ཁམས་ཉམས་གསོ་བྱེད་རྒྱུར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད་པ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་སྐྱོང་ཐད་འགོག་སྲུང་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག