མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམག་དཔུང་གིས་ཏང་ཡོན་ལས་བྱེད་པ་ས་གནས་ཀྱི་སྒེར་གྱི་སྤྲོ་སྐྱིད་ཁང་ནང་འགྲོ་འོང་མི་ཆོག་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-05 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམག་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་ཉིན་ཤས་གོང་དམག་དཔུང་གི་ཏང་ཡོན་ལས་བྱེད་པ་ས་གནས་ཀྱི་སྒེར་གྱི་སྤྲོ་སྐྱིད་ཁང་དང་དམག་དཔུང་ནང་ཁུལ་གྱི་སྣེ་ལེན་ཁང་ནང་གཞུང་དངུལ་བཏང་ནས་རྒྱས་བཟའ་རྒྱས་འཐུང་བྱེད་རྒྱུ་བཅོས་སྒྲིག་སྔར་ལས་ལྷག་པ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་ནས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཀྲུང་དབྱང་དང་དམག་ཨུས་བཀོད་སྒྲིག་གི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་དམག་དཔུང་གི་ཏང་ཡོན་ལས་བྱེད་པ་ས་གནས་ཀྱི་སྒེར་གྱི་སྤྲོ་སྐྱིད་ཁང་དང་དམག་དཔུང་ནང་ཁུལ་གྱི་སྣེ་ལེན་ཁང་ནང་གཞུང་དངུལ་བཏང་ནས་རྒྱས་བཟའ་རྒྱས་འཐུང་བྱེད་པའི་གནད་དོན་གཅིག་བསྡུས་ཐོག་བཅོས་སྒྲིག་བྱས་ནས་སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་དང་སྤྱོད་ཚུལ་ལེགས་སྒྱུར་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་རྒྱ་ཆེར་གཏོང་དགོས་པའི་བླང་བྱ་བཏོན་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག