མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་ད་ལོ་ཆགས་སྲེད་ནང་དོན་ལྡན་པའི་དྲ་ཚིགས400ལྷག་ཞིབ་བཤེར་ཐག་གཅོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-05 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། ད་ལོའི་སྤྱི་ཟླ་དང་པོ་ནས་བཟུང་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་ཁྲིམས་ལྟར་ཆགས་སྲེད་ནང་དོན་ལྡན་པའི་དྲ་ཚིགས422ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་འབྲེལ་ཡོད་འཕྲིན་ལམ་དང་ལེ་ཚན360སྒོ་བརྒྱབ་པ། པོད་ཕྲན་དང་། པོད་ཁུག འཕྲིན་ཕྲན། གླེང་སྟེགས་སོགས་རྩིས་ཐོ་སྣ་ཚོགས4800སྒོ་བརྒྱབ་པ། མཚམས་སྦྱོར་བརྡ་ཁྱབ9000མེད་པ་བཟོས་པ། ཆགས་སྲེད་ནང་དོན་ལྡན་པའི་ཆ་འཕྲིན་ཁག་མི་འདྲ་བ་༣འབུམ་སུབ་པའམ་མེད་པ་བཟོས་ཡོད་ཅེས་བཤད་འདུག

འགན་འཁུར་བ་དེས། ཆགས་སྲེད་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ལ་རྡུང་རྡེག་གཏོང་རྒྱུ་ནི་དུས་ཐུང་གི་བྱ་སྤྱོད་ཅིག་མིན་པས་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་ཡུན་རིང་ཕན་ནུས་ཐོན་པའི་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་དྲ་སྦྲེལ་ལ་དོ་དམ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་དྲ་སྦྲེལ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་རེད་ཅེས་བསྟན་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག