མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སླད་ཕྱིན་ལོ་བཅུའི་ནང་ཀྲུང་གོས་མཁའ་སྐྱོད་དང་མཚོ་འགྲུལ་སོགས་ཐོན་ལས་ཆེན་པོ10སྔོན་ལ་གོང་འཕེལ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-05 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས3ཉིན། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཀྲང་ཀྲའུ་ཅིས། ཕྱིན་ཆད་ལོ་བཅུའི་ནང་། ཀྲུང་གོས་གཙོ་གནད་ཐོན་ལས་ཆེན་པོ10སྔོན་ལ་གོང་འཕེལ་གཏོང་བ་དང་འགག་གཏོར་བྱེད་རྒྱུ་ཡིན་པ་དང་དེའི་ནང་གློག་རྡུལ་འཕྲིན་གཏོང་དང་མཁའ་སྐྱོད་མཁའ་འགྲུལ། མཚོ་འགྲུལ། ལྕགས་ལམ་འགྲིམ་འགྲུལ གློག་གཏོང་དང་གློག་སྐྱེལ་གློག་སྒྱུར། ལྕགས་དང་ངར་ལྕགས། རྡོ་སྣུམ་རྫས་འགྱུར་བཟོ་ལས། ཁྱིམ་སྤྱོད་གློག་ཆས། རླངས་འཁོར་བཅས་ཚུད་ཡོད་པ་དང་ཐོན་ལས་གོང་འཕེལ་བཏང་བ་བརྒྱུད་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་མཐུན་སྦྱོར་སྒོ་ནས་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་བྱེད་རྒྱུ་རེད་ཅེས་གསུངས་འདུག

ཀྲའུ་ཅི་ཡིས། བཟོ་སྐྲུན་ཚན་རྩལ་གྱིས་ཚན་རིག་གསར་རྙེད་དང་ཐོན་ལས་གོང་འཕེལ་ཐད་ཀར་འབྲེལ་བ་བྱས་ནས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་ཅེས་དང་། ཁོང་གིས་ང་ཚོས་བཟོ་སྐྲུན་སློབ་གསོ་དང་རྒྱུན་མཐུད་སློབ་གསོར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས་རྩེར་སོན་གསར་སྐྲུན་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱེད་པ་དང་བཟོ་སྐྲུན་ཚན་རྩལ་ཤེས་ལྡན་མི་སྣ་ཁྲི་སྟོང་མང་པོ་གསོ་སྐྱོང་བྱེད་པ། བཟོ་སྐྲུན་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་ཁྲི་སྟོང་མང་པོ་གསོ་སྐྱོང་བྱེད་པ་བཅས་བྱེད་དགོས་ཞེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག