མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-05 10:47

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དྲུག་པའི་ཚེས་བཞི་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་སྲིད་བསྡུ་དབང་གཏོང་བྱེད་ཐབས་སྔར་ལས་ལག་བསྟར་བྱས་ནས་ལས་བསྐྲུན་ལས་ཞུགས་བྱ་བ་བཟང་བོར་སྒྲུབ་རྒྱུ་གཏན་ལ་ཕབ་པ་དང་། རྡོ་སྣུམ་རྫས་འགྱུར་ཐོན་ལས་ཚན་རིག་ལྟར་བཀོད་སྒྲིག་དང་བདེ་འཇགས་ཁོར་ཡུག་འཕེལ་རྒྱས་སུ་གཏོང་བར་བཀོད་སྒྲིག་བྱས་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་འཕྲིན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་བལྟས་ན། སྲིད་བསྡུ་དབང་གཏོང་བྱེད་རྒྱུ་ནི་སྲིད་གཞུང་གི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བའི་བྱེད་ཐབས་གཙོ་བོ་ཡིན། ན་ནིང་བླངས་པའི་གྲུབ་འབྲས་བཟང་བོའི་རྨང་གཞིའི་སྟེང་། སྲིད་གཞུང་གི་བྱ་བའི་སྙན་ཞུ་ལས་གཏན་ལ་ཕབ་པའི་ད་ལོར་སྲིད་འཛིན་ཆོག་མཆན་ལས་དོན་ཉིས་བརྒྱ་ལྷག་མེད་པར་གཏོང་བ་དང་མར་སྤྲོད་པའི་བཀོད་སྒྲིག་ལྟར། མུ་མཐུད་དུ་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པ་དང་། ནུས་ལྡན་བྱེད་ཐབས་གསར་བ་གཏན་འཁེལ་བྱས་ནས། ཁེ་ལས་དང་སྤྱི་ཚོགས་ཀྱི་ལས་བསྐྲུན་ལས་སྤེལ་ཀྱི་དགེ་མཚན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་སྔར་ལས་ལྷག་པའི་སྒོ་ནས་རང་གནས་སུ་འདུག་པ་དང་། ཚོང་རས་སྔར་ལས་ལྷག་པའི་སྒོ་ནས་ནུས་པ་འདོན་པ། མང་ཚོགས་ལ་སྔར་ལས་ལྷག་པར་ཁེ་ཕན་ཐོབ་པ་བཅས་ཐད་ལ་དོན་སྙིང་གལ་ཆེན་ལྡན་པར་སྙམ།

ཚོགས་ཐོག་ནས་བསྟན་དོན། རྡོ་སྣུམ་རྫས་འགྱུར་ཐོན་ལས་ཀྱི་ཇུས་གཞི་དང་བཀོད་སྒྲིག་འཆར་གཞི་གཏན་འཁེལ་བྱས་རྗེས། ངེས་པར་དུ་དེ་ལག་བསྟར་ནན་མོ་བྱེད་དགོས། ད་ཡོད་ཐོན་ལས་ཀྱི་རྟེན་གཞི་དང་ཁྱད་སྟོབས་ཁེ་ལས་ཀྱིས་སྦས་ཤུགས་འདོན་སྤེལ་དང་བསྒྱུར་བཀོད་བྱེད་རྒྱུ་གཙོ་བོར་བཟུང་སྟེ། རྡོ་སྣུམ་རྫས་འགྱུར་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་འཕྲིན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག