མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-05 10:47

ཚེས་བཞིའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཞིའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་ཅ་པུས་ཨར་བརྒྱུད་ནས་ཁི་ཝེ་ཐིའི་ཨེ་མུས་ཨར་ས་པ་ཧི་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་གསུམ་གྱི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱི་དང་ས་ཁུལ་གནས་བབ་ཀྱི་འགྱུར་ལྡོག་སྣ་ཚོགས་བརྒྱུད་ནས་ཐོག་མཐའ་བར་གསུམ་དུ་བདེ་བླག་དང་གཏན་འཇགས་ཀྱི་སྒོ་ནས་འཕེལ་རྒྱས་སུ་སོང་བ་དང་། ཕྱོགས་གཉིས་ཀ་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་བོར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེ་བཞིན་ཡོད་ལ། ཁི་ཝེ་ཐི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ནུབ་མ་དང་ཧྥེ་གླིང་བྱང་མའི་གནས་བབ་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་ང་ཚོས་རྒྱལ་སྤྱིའི་ཉིང་རྡུལ་ནུས་པ་ཁྱབ་བརྡལ་དུ་མི་འགྲོ་བའི་འདོད་བློར་བརྩི་སྲུང་བྱས་ཏེ། དབུས་ཤར་ས་ཁུལ་དུ་ཉིང་རྡུལ་མཚོན་ཆ་མེད་པའི་ཁྱབ་ཁོངས་འཛུགས་སྐྲུན་བྱེད་པ་དང་རྣམ་པ་མི་གཅིག་པའི་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་གཏོང་བར་ངོ་རྒོལ་བྱས་ནས་མཚོ་ཐོག་མཉམ་ལས་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོག་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁི་ཝེ་ཐི་ཡིས་ས་ཁུལ་གྱི་ལས་དོན་ཁྲོད་དུ་ཧུར་བརྩོན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཁི་ཝེ་ཐི་དང་བཅས་པའི་རང་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ་འབྲེལ་ཡོད་གནད་དོན་གྱི་ཆབ་སྲིད་ཐག་གཅོད་ལ་ཡར་སྐུལ་བཏང་ནས་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་གོ་དང་མཚོ་ཐོག་མཉམ་ལས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཅ་པུས་ཨར་གྱིས་ཁི་ཝེ་ཐི་ཨེ་མུས་ཨར་ས་པ་ཧི་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་བསྐུར་བའི་འཕྲིན་ཡིག་བརྒྱུད་སྒྲོག་བྱས། ས་པ་ཧི་ཡིས་འཕྲིན་ཡིག་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྙིང་ཉེ་བའི་འཚམས་འདྲི་བྱས་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཡོད། ཅ་པུས་ཨར་གྱིས་བསྟན་དོན། ཁི་ཝེ་ཐི་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་ཏེ་ངན་ཤུགས་གསུམ་གྱི་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག