མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཁི་ཝེ་ཐི་ཡི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-05 10:47

ཟླ་དྲུག་པའི་ཚེས་བཞི་ཉིན། ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁི་ཝེ་ཐི་ཡི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་ལ་མཇལ་འཕྲད་གནང་།
ཟླ་དྲུག་པའི་ཚེས་བཞི་ཉིན། ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁི་ཝེ་ཐི་ཡི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་དྲུག་པའི་ཚེས་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁི་ཝེ་ཐི་ཡི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཁི་ཝེ་ཐི་ནི་དབུས་ཤར་མཚོ་ཁུག་ས་ཁུལ་དུ་ཡོད་པའི་མཉམ་ལས་གྲོགས་པོའི་གལ་ཆེན་ཞིག་ཡིན། ཐེངས་འདིར་ཕྱོགས་གཉིས་བར་གནས་བབ་གསར་བའི་འོག་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པའི་ཐད་ལ་ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་བྱུང་སྟེ། ཀྲུང་གོ་དང་ཁི་ཝེ་ཐི་གཉིས་ཀྱི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པ་དང་རྒྱ་བསྐྱེད་དུ་བཏང་། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དྲུག་པར་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པའི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དྲུག་པ་བསྡུ་རྒྱུ་དེས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་སྲིད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཁི་ཝེ་ཐི་རྒྱལ་དམངས་གྲོས་ཚོགས་དང་མཉམ་དུ་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། བརྗེ་རེས་དང་མཉམ་ལས་ཇེ་དམ་དུ་བཏང་སྟེ། ཀྲུང་གོ་དང་ཁི་ཝེ་ཐིའི་བར་གྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པར་མ་ཟད། ཀྲུང་གོ་དང་ཁི་ཝེ་ཐིའི་བར་གྱི་མཉམ་ལས་གྲུབ་འབྲས་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཁེ་ཕན་བསྐྲུན་ཐུབ་པར་བྱེད་རྒྱུ་ཡིན་ཟེར།

ཅ་པུའུ་ཨར་གྱིས་བཤད་རྒྱུར། ངས་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱས་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཁི་ཝེ་ཐི་ཕྱོགས་ཀྱིས་ཁི་ཝེ་ཐི་དང་ཀྲུང་གོའི་བར་དང་། ཨ་རབ་དང་ཀྲུང་གོའི་བར་། མཚོ་ཁུག་ས་ཁུལ་དང་ཀྲུང་གོའི་བར་བཅས་ཀྱི་འབྲེལ་བ་ཧུར་ཐག་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག