མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་2014ལོའི་རྒྱལ་སྤྱིའི་བཟོ་སྐྲུན་ཚན་རྩལ་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུངས་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-04 10:57

ཟླ་དྲུག་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་2014ལོའི་རྒྱལ་སྤྱིའི་བཟོ་སྐྲུན་ཚན་རྩལ་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་བཟོ་སྐྲུན་ཚན་རྩལ་གྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་དང་མ་འོང་བ་གསར་བསྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།
ཟླ་དྲུག་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་2014ལོའི་རྒྱལ་སྤྱིའི་བཟོ་སྐྲུན་ཚན་རྩལ་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་བཟོ་སྐྲུན་ཚན་རྩལ་གྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་དང་མ་འོང་བ་གསར་བསྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་2014ལོའི་རྒྱལ་སྤྱིའི་བཟོ་སྐྲུན་ཚན་རྩལ་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་བཟོ་སྐྲུན་ཚན་རྩལ་གྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་དང་མ་འོང་བ་གསར་བསྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་། ཁོང་གིས་བཟོ་སྐྲུན་ཚན་རྩལ་ནི་འཛམ་གླིང་བསྒྱུར་བཅོས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་ལ། ཚན་རིག་ལག་རྩལ་འཕེལ་རྒྱས་སུ་གཏོང་བ་ནི་མིའི་རིགས་ཀྱིས་སའི་གོ་ལ་ཡོངས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་མངོན་འགྱུར་བྱེད་པའི་གདམ་གསེས་ཤིག་ཀྱང་ཡིན། ཀྲུང་གོས་གསར་བསྐྲུན་ཡར་སྐུལ་འཕེལ་རྒྱས་ཀྱི་འཐབ་ཇུས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཏུ་བརྩིས་ཡོད། རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་ཆེད་མཁས་པས་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་དུ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

ཞི་ཅིན་ཕེན་གྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་ཚན་རྩལ་ལས་དོན་དང་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་བྱས་རྗེས་བཞག་པའི་རྒྱལ་ཁབ་སོ་སོའི་འཐུས་མི་དང་ཡོན་ཧྲི། ཆེད་མཁས་པ། རིག་གནས་པ་བཅས་ལ་བཀའ་དྲིན་ཆེ་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཆ་འཕྲིན་ལག་རྩལ་དང་སྐྱེ་དངོས་ལག་རྩལ། ནུས་ཁུངས་གསར་བའི་ལག་རྩལ། རྒྱུ་ཆ་གསར་བའི་ལག་རྩལ་བཅས་མཉམ་དུ་བསྲེས་ནས་སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་སློང་བཞིན་ཡོད་པར་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གོ་སྐབས་གསར་བ་བསྐྲུན་སྲིད། མ་འོང་བའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ལོ་རྒྱུས་རང་བཞིན་ལྡན་པའི་དཀྱོག་མཚམས་ཤིག་ཡིན་ལ། བཟོ་སྐྲུན་ཚན་རྩལ་ཡར་ཐོན་དང་གསར་སྐྲུན་དེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན་པས། མཉམ་དུ་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོང་བ་གསར་སྐྲུན་བྱེད་པ་ནི་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཡིན་པས། འཛམ་གླིང་ཡོངས་ཀྱི་བཟོ་སྐྲུན་ཚན་རྩལ་མི་སྣས་ལོ་རྒྱུས་ཀྱི་ལས་འགན་དེ་དངོས་སུ་འཁུར་ཐུབ་པར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ནི་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཞིག་ཡིན། འཕེལ་རྒྱས་སུ་གཏོང་དགོས་ན་ངེས་པར་དུ་ཚན་རིག་ལག་རྩལ་གྱི་ཐོན་སྐྱེད་ནུས་ཤུགས་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་གོར་མི་བྱེ་བ་བཞི་དང་ས་ཡ་གཉིས་ལྷག་གི་བཟོ་སྐྲུན་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་ཡོད། དེ་ནི་ཀྲུང་གོས་མ་འོང་བ་གསར་གཏོད་བྱེད་པའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན། ང་ཚོས་གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་ཀྱི་འཐབ་ཇུས་དེ་རྒྱལ་ཁབ་གྱི་འཐབ་ཇུས་གལ་ཆེན་ཞིག་ཏུ་བརྩིས་ནས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་བཟོ་སྐྲུན་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་འཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས། ཞི་བའི་འཕེལ་རྒྱས་དང་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་ཀྲུང་གོ་ཞིག་འཛུགས་སྐྲུན་བྱས་ནས། ཀྲུང་གོ་དང་འཛམ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་དགོས་ཟེར།  

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱིའི་ཀན་ཧྲི་པའོ་ཁི་ཝ་ཡིས་ཚོགས་ཆེན་སྟེང་ཞུ་ཚིག་འབུལ་སྐབས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཛམ་གླིང་གི་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོའི་བར་གྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། མཉམ་དུ་འཛམ་གླིང་གི་མཛེས་སྡུག་ལྡན་པའི་མ་འོང་བ་གསར་གཏོད་བྱས་ནས། མིའི་རིགས་ཀྱི་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་པའི་ཚུལ་བསྟན།

2014ལོའི་རྒྱལ་སྤྱིའི་བཟོ་སྐྲུན་ཚན་རྩལ་ཚོགས་ཆེན་དེ་ཀྲུང་གོ་བཟོ་སྐྲུན་གླིང་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས། རྒྱལ་སྤྱིའི་བཟོ་སྐྲུན་དང་ལག་རྩལ་ཚན་རིག་གླིང་ལས་འཛིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་ཡིན། ཁ་ཡིག་ལ་བཟོ་སྐྲུན་ཚན་རྩལ་དང་མིའི་རིགས་ཀྱི་མ་འོང་བ་ཞེས་པ་དེ་རེད། རྒྱལ་ཁབ་ཁ་ཤས་ཀྱི་བཟོ་སྐྲུན་གླིང་གི་ཡོན་ཀྲང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། རྒྱལ་ཁབ་ཕྱི་ནང་གི་བཟོ་སྐྲུན་ཚན་རྩལ་ལས་རིགས་ཁག་གི་འཐུས་མི་སོགས་མི་སྟོང་གཅིག་དང་ལྔ་བརྒྱ་ཚོགས་ཆེན་ལ་ཞུགས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག