མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁི་ཝེ་ཐི་ཡི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-04 10:34

ཟླ་དྲུག་པའི་ཚེས་གསུམ་ཉིན། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་ཨ་པུས་ཨར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས།
ཟླ་དྲུག་པའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁི་ཝེ་ཐི་ཡི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་དང་གྲོས་མོལ་མཛད། གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁི་ཝེ་ཐི་ཡི་དབུ་བཞུགས་བློན་ཆེན་ཅ་པུས་ཨར་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཁི་ཝེ་ཐི་ནི་ཆེས་སྔ་མོར་ཀྲུང་གོར་འབྲེལ་བ་བཙུགས་པའི་མཚོ་ཁུག་ཨ་རོབ་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀ་ནི་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་བོ་དང་ལྷག་བསམ་རྣམ་དག་སྒོས་མཉམ་ལས་བྱེད་པའི་གྲོགས་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁི་ཝེ་ཐི་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་དང་ཁི་ཝེ་ཐིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཨ་རོབ་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཁི་ཝེ་ཐི་ནི་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཨ་རོབ་རྒྱལ་ཁབ་ཀྱི་མནའ་འབྲེལ་མཐོ་རིམ་གྲོས་ཚོགས་ཀྱི་རེས་སྐོར་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དང་ཨ་རོབ་རྒྱལ་ཁབ་བར་གྱི་འབྲེལ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གཟེངས་བསྟོད་བྱེད་པ་ཡིན། ཁི་ཝེ་ཐི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་མཚོ་ཁུག་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་སྔ་མོ་ནས་ཚོགས་མགོ་རྩོམ་པ་དང་ཡོངས་འགྲུབ་བྱེད་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་རོབ་གླེང་སྟེགས་འཛུགས་སྐྲུན་དང་ཀྲུང་གོ་དང་ཨོ་རོབ་འཐབ་ཇུས་མཉམ་ལས་འབྲེལ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

ཅ་པུས་ཨར་གྱིས་བཤད་རྒྱུར། ཁི་ཝེ་ཐི་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བརྩོན་ལེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་དུ་འགྲོ་བར་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། རིག་གནས། སློབ་གསོ། ཚན་རྩལ་ཞིབ་འཇུག་སོགས་ཁྱབ་ཁོངས་ནས་མཉམ་ལས་བཟང་བོ་བྱེད་འདོད་ཡོད། ཁི་ཝེ་ཐི་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན་པར་གཟེངས་བསྟོད་བྱེད་པ་དང་མུ་མཐུད་དུ་ཨ་རོབ་དང་ཀྲུང་གོའི་འབྲེལ་བ་དང་མཚོ་ཁུག་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་འདོན་དགོས་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་ཨ་པུས་ཨར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག