མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ལས་རྨས་འགན་བཅོལ་གོང་འཕེལ་མགྱོགས་པོ་འགྲོ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-04 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་སྤེལ་བའི་སྤྱི་ལོ2013ལོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་གོང་སྤེལ་བསྡོམ་རྩིས་སྤྱི་བསྒྲགས་ལས་གསལ་བར། སྤྱི་ལོ2013ལོའི་ལོ་མཇུག་དུ་ལས་རྨས་འགན་བཅོལ་ནང་ཞུགས་པའི་མི་འབོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་དང་ས་ཡ་དགུ་དང་ཆིག་འབུམ་བདུན་ཁྲི་ཟིན་པ་དེ། ལོ་གོང་མའི་དུས་མཚུངས་ལས་མི་གྲངས་ས་ཡ་དགུ་དང་བདུན་ཁྲི་འཕར་ཡོད་པ་རེད། ལོ་ཧྲིལ་པོར་ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་མཁན་མི་འབོར་ས་ཡ་གཅིག་དང་དགུ་འབུམ་ལྔ་ཁྲི་ཟིན་པ་དེ་ལོ་གོང་མ་ལས་མི་གྲངས་ལྔ་ཁྲི་མང་དུ་ཕྱིན་ཡོད་པ་རེད། མིག་སྔར་རང་རྒྱལ་དུ་ཅུང་བརྟན་པའི་ངལ་རྩོལ་འབྲེལ་བ་ལྡན་པའི་ཞིང་པ་ལས་མི་ཚང་མ་ལས་རྨས་འགན་བཅོལ་ནང་ཞུགས་སུ་འཇུག་པའི་དམིགས་འབེན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། བྱ་གཞག་ཚན་པ་ལས་རྨས་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ་བརྒྱད་བཅུ་ལས་བརྒལ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ལས་རྨས་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་དང་བྱ་གཞག་གོང་འཕེལ་གྱི་སྤྱིའི་དམིགས་འབེན་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པ་དང་ངལ་རྩོལ་པ་ཡོངས་ལ་ཁྱབ་པའི་ལས་རྨས་སྔོན་འགོག་དང་། ལས་རྨས་གུན་གསབ། ལས་རྨས་དྲག་སྐྱེས་བཅས་ཟུང་དུ་སྦྲེལ་བའི་ཕྱོགས་གསུམ་གཞི་གཅིག་ཏུ་གྱུར་བའི་འགན་སྲུང་མ་ལག་གྲུབ་པ་བྱ་རྒྱུ་དེ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག