མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བཟོ་བསྐྲུན་མ་ཡིན་པའི་ལས་རིགས་ཀྱི་འཕར་ཚད་མཐོ་པོར་སླེབས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-04 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་དངོས་ཟོག་འཁོར་རྒྱུག་དང་ཉོ་སྒྲུབ་མཉམ་འབྲེལ་ཚོགས་པ་དང་། རྒྱལ་ཁབ་བསྡོམ་རྩིས་ཅུས་ཞབས་ཞུའི་ལས་རིགས་བརྟག་དཔྱད་ལྟེ་གནས་ཀྱིས་སྤྱི་ཚེས་གསུམ་ཉིན་གྲངས་གཞི་ཞིག་སྤེལ་བ་ལས་གསལ་བར། སྤྱི་ཟླ་ལྔ་པར་ཀྲུང་གོའི་བཟོ་བསྐྲུན་མ་ཡིན་པའི་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་དམིགས་ཚད་བརྒྱ་ཆ་ལྔ་བཅུ་ང་ལྔ་དང་གྲངས་ཆུང་ལྔ་ཟིན་པ་དེ་དུས་མཚམས་གོང་མ་ལས་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་བདུན་འཕར་བ་དང་། ལོ་འདིའི་ནང་གི་མཐོ་ཤོས་ལ་སླེབས་ཤིང་། བཟོ་བསྐྲུན་མ་ཡིན་པའི་ལས་རིགས་དཔལ་འབྱོར་རྒྱུན་མཐུད་ངང་ཤུགས་ཆེར་ཕྱིན་ཡོད་པ་རེད།

ཀྲུང་གོའི་དངོས་ཟོག་འཁོར་རྒྱུག་དང་ཉོ་སྒྲུབ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཚའི་ཅིང་གིས། སྤྱི་ཟླ་ལྔ་པར་ཚོང་དོན་བྱེད་སྒོའི་དམིགས་ཚད་ལོ་འདིའི་ནང་གི་མཐོ་ཤོས་ལ་སླེབས་པ་དང་། ཁྲོམ་ར་འཁྲུག་ཆ་ཇེ་ཆེར་ཕྱིན་ཡོད་པ་དང་། ལྷག་པར་དུ་ཁྲོམ་རའི་དགོས་མཁོ་མངོན་པའི་མངགས་འཛིན་གསར་པའི་ཚད་གཞི་མངོན་གསལ་དོད་པོས་འཕར་ནས། ཁྲོམ་རའི་འགུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག