མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གིས་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-04 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས2ཉིན་ནི་ལུགས་རྙིང་ལོའི་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་ཡིན་པས་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་བྱེད་སྒོ་སྤེལ་ནས། ཐབས་ལམ་སྣ་ཚོགས་ཐོག་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད།

རྔ་སྦུབ་ཀྱི་སྒྲ་གྲགས་པ་དང་བསྟུན་ནས་ཧུའུ་ནན་ཡིས་ཡང་གི་འབྲུག་གྲུའི་འགྲན་བསྡུར་འགོ་ཚུགས་པ་དང་། རང་མོས་ཐོག་སྒྲིག་འཛུགས་བྱས་པའི་འབྲུག་གྲུ་རུ་ཁག་༢༢ཀྱི་རུ་མི་དྲུག་བཅུ་ལྷག་ཙམ་གྱིས་འགྲན་བསྡུར་བྱས་པས་གྲོང་མི་སྟོང་ཕྲག་འགའ་ལྟད་མོ་བལྟ་བར་སླེབས་ཡོད་པ་རེད།

མནའ་གྲོང་ཁད་ཧྥེང་དུ་ཁྲོམ་སྲང་ཆེ་ཆུང་གང་སར་དྲི་ཞིམ་འཐུལ་བཞིན་ཡོད། ཆིང་མིང་ཧྲང་ཧོ་སྤྱི་གླིང་ནང་། ཚོང་པ་རྣམས་ནས་འབྲས་ཆན་དང་ཁ་སུར་སོགས་གྲ་སྒྲིག་བྱས་ནས་གླ་རིན་མི་དགོས་པས་འབྲས་ཆན་བཟོ་སྟངས་བསླབ་ཡོད་པ་རེད།

ཨན་ཝིའི་ཤིའི་རྫོང་གི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་ཚོ་ལོ་ཤུང་གྲོང་ཚོར་གྲོང་མི་རྣམས་ནས་ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་དམངས་སྲོལ་ཏེ་ཅོང་མཆོངས་འགྲན་རྩེད་གཉེར་ཡོད་པ་རེད།

ཅང་སུའུ་ཅང་དབྱིང་གཡོས་གྲེང་གྲོང་རྡལ་གྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ། ལོ་རེར་ཐེངས་རེ་གཉེར་བའི་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་མཉམ་འབྲེལ་སྤྲོ་ཚོགས་གཉེར་ཡོད་པ་དང་། གྲ་རྒྱས་ཤོས་ཀྱི་མཛད་སྒོ་ནི་གྲོང་ཚོའི་ནང་གི་རྒན་རྒོན་རྣམས་ནས་ཕྲུ་གུ་རྣམས་ལ་ཚོས་སེར་བྱུག་པའི་མཛད་སྒོ་དེ་རེད། དེ་ཡང་མཛད་སྒོའི་ཐོག་ཕྲུ་གུ་རྣམས་ནས་གྲལ་བསྟར་སྒྲིག་ནས་བསྡད་རྗེས་རྒན་རྒོན་རྣམས་ནས་ཕྲུ་གུ་རྣམས་ཀྱི་གདོང་ལ་ཚོས་སེར་བྱུག་པ་དང་། དེ་ལྟར་བྱས་ནས་རྒན་རབས་རྣམས་ནས་རྗེས་རབས་པ་རྣམས་ལ་ཆེས་ལྷག་བསམ་དག་པའི་སྨོན་འདུན་ཞུ་བཞིན་ཡོད།

ཅང་ཤིའི་ཤིན་ཡུད་ཀྱི་གྲོང་གསེབ་ཏུ་ཚོན་ལྡན་ཁུག་མ་བསླ་བའི་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་ལུགས་སྲོལ་ཞིག་ཡོད། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་ཉིན་མོར་ཁྱིམ་ཚང་ཚང་མའི་མི་རྒན་པ་རྣམས་ནས་བྱིས་པ་རྣམས་བསྐོངས་ནས་དྲ་བའི་ཁུག་མ་བསླེས་ཀྱི་ཡོད། ད་དུང་རྒན་གཞོན་རྣམས་མཉམ་དུ་བསྡད་ནས། ཚོན་སྨྱུག་ལག་ཏུ་བཟུང་ཐོག བཙོས་ཟིན་པའི་སྒོ་ངའི་ཐོག་ཚོན་རྩི་བྱུག་པ་དང་། ཡུད་ཙམ་སོང་རྗེས་སྒོ་ངའི་ཐོག་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་རིས་སྣ་ཚོགས་གྲུབ་ཀྱི་ཡོད།

ཧོ་པེ་གྲོང་ཏེའི་ཧྥུ་ཅ་ཀའུ་གྲོང་ཁུལ་དུ་ལོ་རེ་བཞིན་གཉེར་བའི་ཁྱིམ་བརྒྱའི་གསོལ་ཚིགས་ཀྱི་ཐོག་ནས་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་བརྩེ་བ་ཟབ་མོ་ཚོར་གྱི་ཡོད། དེ་ཡང་གྲོང་ཁུལ་ནང་གི་རྒན་རྒོན་མི་ཧྲེང20ལྷག་ཙམ་དང་དུད་ཚང་བདུན་བཅུ་ལྷག་ཙམ་མཉམ་དུ་འཛོམས་ནས། འབྲས་ཆན་དང་ཞིམ་ཟས་སྣ་ཚོགས་ལ་རོལ་གྱི་ཡོད།

སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་ལ་ད་ཕན་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། སྤྱི་ལོ2008ལོར་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་དེ་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་ལ་གཏན་འཁེལ་བྱས་པ་རེད། སྤྱི་ལོ2009ལོར་ཧུའུ་པེ་ཙེ་ཀུད་དང་། ཧོང་ཧྲེ། ཧུའུ་ནན་རྨིད་ལོ། ཅང་སུའུ་སུའུ་ཀྲའུ་བཅས་ཞིང་ཆེན་གསུམ་དང་ས་ཁུལ་བཞིས་མཉམ་འབྲེལ་ཐོག ཀྲུང་གོའི་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ནང་འཇུག་རྒྱུའི་རེ་ཞུ་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག