མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ལོ་ཆུང་བྱིས་པའི་སེམས་སུ་ཆགས་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-31 11:04

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་གྲོང་ཁྱེར་ཧེ་ཏེན་ཆུའུ་མི་རིགས་སློབ་ཆུང་དུ་ཕེབས་ཏེ། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་བྱ་འགུལ་ཁྲོད་ཞུགས། པར་འདི་ནི་ཞི་ཅིན་ཕེན་ན་ཆུང་གདོན་ལེན་རུ་ཁག་གི་བྱ་འགུལ་ལ་ཞུགས་ནས་ན་ཆུང་གདོང་ལེན་རུ་མི་ལ་དུས་ཆེན་གྱི་འཚམས་འདྲི་ཞུ་བའི་ཚུལ་རེད།
ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་གྲོང་ཁྱེར་ཧེ་ཏེན་ཆུའུ་མི་རིགས་སློབ་ཆུང་དུ་ཕེབས་ཏེ། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་བྱ་འགུལ་ཁྲོད་ཞུགས། པར་འདི་ནི་ཞི་ཅིན་ཕེན་གྱིས་སློབ་གྲྭ་དང་ན་ཆུང་གདོན་ལེན་རུ་ཁག་གི་ཟུར་ཁྲིད་པ། དགེ་རྒན། ཁྱིམ་བདག སློབ་མ་བཅས་ཀྱི་འཐུས་མི་དང་བཞུགས་མོལ་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་པེ་ཅིན་གྲོང་ཁྱེར་ཧེ་ཏེན་ཆུའུ་མི་རིགས་སློབ་ཆུང་དུ་ཕེབས་ཏེ། སློབ་གྲྭའི་ན་ཆུང་གདོང་ལེན་རུ་ཁག་གི་བྱ་འགུལ་ཁྲོད་ཞུགས་པ་དང་། སློབ་མ་ཚོའི་སློབ་སྦྱོང་དང་སློབ་ཕྱིའི་བྱ་འགུལ་གྱི་གནས་ཚུལ་དང་། ཁྱད་པར་དུ་སློབ་གྲྭས་བྱ་འགུལ་སྣ་མང་སྤེལ་ཏེ་སློབ་མས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པར་ཁྲིད་སྟོན་བྱེད་པའི་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ཐོག་མར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་ཆུང་བྱིས་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད། ན་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རེ་བའང་ཡིན་པས། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ན་ཆུང་བྱིས་པའི་སེམས་སུ་ཆགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

སྔ་དྲོའི་དུས་ཚོད་དགུ་དང་སྐར་མའི་སུམ་ཅུའི་སྟེང་། ཞི་ཅིན་ཕེན་སློབ་གྲྭར་ཕེབས་པ་ན། སློབ་གྲྭའི་ལུས་རྩལ་ཁང་གི་མདུན་གྲས་སུ་ན་ཆུང་གདོན་ལེན་རུ་མི་ཞིག་ཞི་ཅིན་ཕེན་གྱི་མདུན་དུ་བརྒྱུགས་ཡོང་སྟེ། ཁོང་ལ་སྐེ་དཀྲིས་དམར་པོ་ཞིག་བཏགས་པ་དང་། ན་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས། ཞི་ཅིན་ཕེན་ན་ཆུང་བྱིས་པ་རྣམས་དང་མཉམ་དུ་ལུས་རྩལ་ཁང་དུ་ཕེབས་ཏེ། དེ་རུ་བསྡུས་པའི་ན་ཆུང་གདོན་ལེན་རུ་མིའི་བྱ་འགུལ་ཁྲོད་ཞུགས།

ཞི་ཅིན་ཕེན་གྱིས་ན་ཆུང་གདོང་ལེན་རུ་མི་ལ་གསུངས་རྒྱུར། ན་ཆུང་གདོང་ལེན་རུ་མིའི་བྱ་འགུལ་ཁྲོད་ཞུགས་རྗེས་ང་ལ་མྱོང་ཚོར་ཟབ་མོ་ཐེབས་པར་མ་ཟད། ངས་རང་ཉིད་ན་ཆུང་གདོང་ལེན་རུ་ཁག་ལ་ཞུགས་པའི་གནས་ཚུལ་དྲན་བྱུང་། ན་ཆུང་བྱིས་པ་ནི་ང་ཚོ་རླབས་ཆེན་མེས་རྒྱལ་གྱི་རེ་བ་ཡིན་ལ། ང་ཚོ་རླབས་ཆེན་མི་རིགས་ཀྱི་རེ་བའང་ཡིན་པས། སློབ་གྲོགས་ཚོས་སློབ་སྦྱོང་ལ་འབད་བརྩོན་དང་ཡར་ཐོན་བརྩོན་ལེན་བྱས་ནས། མ་འོངས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་པར་འབད་པ་བྱེད་དགོས་ཟེར།

ལུས་རྩལ་ཁང་དང་བྲལ་རྗེས། ཞི་ཅིན་ཕེན་སློབ་གྲྭའི་རིག་གནས་བར་ཁྱམས་སུ་ཕེབས་ཏེ། སློབ་མ་ཚོའི་ཡིག་གཟུགས་དང་རི་མོ། འདྲ་པར་སོགས་ཀྱི་བརྩམ་ཆོས་ལ་གཟིགས། སློབ་གྲྭའི་འགན་ཁུར་པས་སློབ་གྲྭས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། སློབ་མའི་ཚོགས་པ་ཉི་ཤུ་ལྷག་བཙུགས་ཏེ། ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཞི་ཅིན་ཕེན་གྱིས་དེར་ཁས་ལེན་མཛད།

སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུ་ཡས་མས་སུ། ཞི་ཅིན་ཕེན་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་བྱང་མར་ཕེབས་ཏེ། བཞུགས་མོལ་ཚོགས་འདུ་བསྡུས། སློབ་མའི་འཐུས་མི་དང་དགེ་རྒན། ཁྱིམ་བདག ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། སློབ་ཕྱིའི་ཟུར་ཁྲིད་པ་བཅས་ཀྱི་འཐུས་མིས་སོ་སོར་གཏམ་བཤད་།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། མི་རིགས་ཤིག་དཔལ་ཡོན་ལྡན་པ་དང་ཡར་ཐོན་ཡོང་བར་བྱེད་པ་དང་། རྒྱལ་ཁབ་ཞིག་འཕེལ་རྒྱས་དང་རྒྱ་བསྐྱེད་དུ་གཏོང་དགོས་ན། མི་རབས་ནས་མི་རབས་བར་འབད་བརྩོན་ལྷོད་མེད་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ན་ཆུང་བྱིས་པའི་ཁྲོད་སྐྱེད་སྲིང་བྱེད་རྒྱུ་དེ་ཁྱིམ་ཚང་དང་སློབ་གྲྭ ན་ཆུང་གདོང་ལེན་རུ་ཁག་རྩ་འཛུགས། སྤྱི་ཚོགས་ཡོངས་བཅས་ཀྱི་འགན་འཁྲི་ཡིན་པས། ཚང་མས་ན་ཆུང་བྱིས་པར་རྒྱུས་ལོན་དང་། ན་ཆུང་བྱིས་པར་བརྩི་འཇོག ན་ཆུང་བྱིས་པར་སེམས་ཁུར། ན་ཆུང་བྱིས་པར་ཞབས་ཞུ་བཅས་བྱས་ནས། ན་ཆུང་བྱིས་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག