མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཁེན་ནི་ཡའི་མཱིན་པ་སཱ་ནས་ནེ་ལོ་པི་བར་གྱི་ལྕགས་ལམ་ལས་གཞིའི་དངུལ་བསྡུ་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-12 10:44

ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ནེ་ལོ་པི་རྒྱལ་ཁབ་ཕོ་བྲང་ནས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི། རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མཱེ། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་བཅས་ཨ་ཧྥེ་རི་ཁ་གླིང་ཤར་ཕྱོགས་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་། ཐན་ཙན་ནི་ཡ་དང་པུ་རུན་ཏི། ཨ་ཧྥེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་གི་འཐུས་མི་སོགས་དང་མཉམ་དུ་ཁེན་ནི་ཡའི་མཱིན་པ་སཱ་ནས་ནེ་ལོ་པི་བར་གྱི་ལྕགས་ལམ་ལས་གཞིའི་ཀྲུང་གོ་དང་ཁེན་ནི་ཡ་གཉིས་མཉམ་འབྲེལ་སྒོས་དངུལ་བསྡུའི་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།

པར་འདི་ནི་ལིས་ཁི་ཆང་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་རྗེས་ཚང་མ་དང་མཉམ་དུ་པར་བླངས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་ནེ་ལོ་པི་རྒྱལ་ཁབ་ཕོ་བྲང་ནས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི། རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མཱེ། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་བཅས་ཨ་ཧྥེ་རི་ཁ་གླིང་ཤར་ཕྱོགས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། ཐན་ཙན་ནི་ཡ་དང་པུ་རུན་ཏི། ཨ་ཧྥེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་གི་འཐུས་མི་སོགས་དང་མཉམ་དུ་ཁེན་ནི་ཡའི་མཱིན་པ་སཱ་ནས་ནེ་ལོ་པི་བར་གྱི་ལྕགས་ལམ་ལས་གཞིའི་ཀྲུང་གོ་དང་ཁེན་ནི་ཡ་གཉིས་མཉམ་འབྲེལ་སྒོས་དངུལ་བསྡུའི་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས། ལས་གཞི་དེར་ཀྲུང་གོའི་ཀུང་ཟི་ཡིས་སྒྲུབ་འགན་འཁུར་རྒྱུ་རེད།

ལིས་ཁི་ཆང་གིས་གསུངས་རྒྱུར། ནེ་ལོ་པི་ནས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་ལྷན་དུ་འཛོམས་ནས་མཉམ་དུ་ཇུས་གཞི་ཆེན་པོར་གྲོས་བསྡུར་བྱས་པར་ཧ་ཅང་དགའ་སྤྲོ་སྐྱེས་པ་ཡིན། ཁྱེད་ཚོ་ཆེད་དུ་ཐེངས་འདིའི་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་པ་ལས་རྒྱལ་ཁབ་སོ་སོས་ཨ་ཧྥེ་རི་ཁ་གླིང་ཤར་ཕྱོགས་ཀྱི་ལྕགས་ལམ་དྲ་རྒྱའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པའི་ཐུན་མོང་གི་རེ་འདུན་མཚོན་ཡོད། རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་དགོས་ན། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཐོག་མར་འཛུགས་སྐྲུན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ལག་རྩལ་དང་ཉམས་མྱོང་འདོན་སྤེལ་བྱས་ནས། ཇུས་འགོད་དང་འཛུགས་སྐྲུན། སྒྲིག་ཆས། དོ་དམ། ཤེས་ལྡན་མི་སྣ་གསོ་སྦྱོང། ལས་གཞི་དངུལ་བསྡུ་སོགས་ཐད་ཀྱི་མཉམ་ལས་ཧུར་ཐག་སྒོས་སྤེལ་འདོད་ཡོད་ཟེར།

ཨ་ཧྥེ་རི་ཁ་གླིང་ཤར་ཕྱོགས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་བཤད་རྒྱུར། མཱིན་པ་སཱ་ནས་ནེ་ལོ་པི་བར་གྱི་ལྕགས་ལམ་ནི་ཁེན་ནི་ཡ་ནས་ཉེ་བའི་ལོ་བརྒྱའི་རིང་ལ་འཛུགས་སྐྲུན་བྱེད་པའི་ལྕགས་ལམ་ཞིག་རེད། ལྕགས་ལམ་དེ་འཛུགས་སྐྲུན་བྱས་རྗེས་ཨ་ཧྥེ་རི་ཁ་གླིང་ཤར་ཕྱོགས་ས་ཁུལ་གྱི་ལྕགས་ལམ་དྲ་རྒྱ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཨ་ཧྥེ་རི་ཁ་གླིང་ཤར་ཕྱོགས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་སྐྱེལ་འདྲེན་སྟོབས་ཤུགས་ཇེ་ཆེར་གཏོང་ཐུབ་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་ཤར་ཕྱོགས་ས་ཁུལ་གཞི་གཅིག་ཅན་དུ་བསྒྱུར་བར་ཡར་སྐུལ་གཏོང་བ་དང། རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག