མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ནེ་རོ་པིའི་བ་སོ་བསྲེགས་པའི་རྗེས་དྲན་ས་ཁུལ་ལ་གཟིགས་སྐོར་གནང་བར་མ་ཟད་གསུང་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-11 10:51

李克强参观内罗毕焚烧象牙纪念地并发表讲话 1.jpg

   ཟླ་ལྔ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་མཉམ་དུ་ཁེན་ནི་ཡའི་ནེ་རོ་པི་རྒྱལ་ཁབ་སྤྱི་གླིང་དུ་བ་སོ་བསྲེགས་པའི་རྗེས་དྲན་ས་ཁུལ་ལ་གཟིགས་སྐོར་མཛད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་གསུང་བཤད་གནང་། ཁེན་ནི་ཡའི་ཙུང་ཐུང་གཞོན་པ་ལུའུ་ཐོ་ཡིས་མཉམ་དུ་གཟིགས་སྐོར་བྱས།

 李克强参观内罗毕焚烧象牙纪念地并发表讲话 2.jpg

   ཟླ་ལྔ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་མཉམ་དུ་ཁེན་ནི་ཡའི་ནེ་རོ་པི་རྒྱལ་ཁབ་སྤྱི་གླིང་དུ་བ་སོ་བསྲེགས་པའི་རྗེས་དྲན་ས་ཁུལ་ལ་གཟིགས་སྐོར་མཛད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་གསུང་བཤད་གནང་། ཁེན་ནི་ཡའི་ཙུང་ཐུང་གཞོན་པ་ལུའུ་ཐོ་ཡིས་མཉམ་དུ་གཟིགས་སྐོར་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་མཉམ་དུ་ཁེན་ནེ་ཡའི་ནེ་རོ་པི་རྒྱལ་ཁབ་སྤྱི་གླིང་བ་སོ་བསྲེགས་པའི་རྗེས་དྲན་ས་ཁུལ་ལ་གཟིགས་སྐོར་མཛད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་གསུང་བཤད་གནང་། ཁེན་ནི་ཡའི་ཙུང་ཐུང་གཞོན་པ་ལུའུ་ཐོ་ཡིས་མཉམ་དུ་གཟིགས་སྐོར་བྱས།

  1989ལོར། ཁེན་ནི་ཡའི་སྐབས་དེའི་ཙུང་ཐུང་མའོ་དབྱི་ཡིས་ནེ་རོ་པི་རྒྱལ་ཁབ་སྤྱི་གླིང་དུ་བ་སོ་ཏུན་བཅུ་གཉིས་དངོས་སུ་མེར་བསྲེགས། བྱ་འགུལ་དེར་རྗེས་དྲན་བྱེད་ཆེད། ཁེན་ནི་ཡའི་སྲིད་གཞུང་གིས་བ་སོ་བསྲེགས་ས་དེ་རུ་རྗེས་དྲན་རྡོ་རིང་བཙུགས།

  ལིས་ཁི་ཆང་གིས་བ་སོ་བསྲེགས་པའི་རྗེས་དྲན་ས་ཁུལ་ལ་གཟིགས་སྐོར་མཛད་པར་མ་ཟད། ཁེན་ནི་ཡའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མཉམ་དུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཐད་ལ་དཀའ་སྤྱད་འབད་བརྩོན་བྱས་པར་མ་ཟད། ཕྱོགས་དེའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པར་གཟེངས་བསྟོད་མཛད། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡ་ཕྱོགས་དང་མཉམ་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་སྲིད་གཞུང་གིས་ཁེན་ནི་ཡའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བར་རོགས་རམ་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག