མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ཀྱི་རྒྱབ་ཤ་སྔོན་པོའི་དེབ་ཐེར་དང་པོ་པེ་ཅིན་དུ་འགྲེམས་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-11 10:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ཀྱི་རྒྱབ་ཤ་སྔོན་པོའི་དེབ་དང་པོ། སྤྱི་ལོ2014ལོའི་ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ཞིབ་འཇུག་སྙན་ཞུ་ཞེས་པ་དེ་སྤྱི་ཚེས6ཉིན་པེ་ཅིན་དུ་འགྲེམས་སྤེལ་བྱས་ཡོད་པ་རེད།

རྒྱབ་ཤ་སྔོན་པོའི་དེབ་ནང་། རྒྱལ་སྤྱིའི་འཇིགས་སྐུལ་བྱེད་སྒོ་བསྐྱར་ལོག་རྒྱག་པའི་རྣམ་པ་ཐོན་པའི་རྒྱབ་ལྗོངས་འོག ཀྲུང་གོའི་འཇིགས་སྐུལ་སྟོབས་ཤུགས་ཀྱིས་སྟབས་བདེའི་མཚོན་ཆ་སྤྱད་དེ་ཉེས་བསགས་བྱ་སྤྱོད་སྤེལ་བའི་ཁྱད་ཆོས་གསར་པ་ཐོན་བཞིན་ཡོད་ཅེས་བཏོན་ཡོད་པ་དང་། རྒྱབ་ཤ་སྔོན་པོའི་དེབ་ནང་། རྒྱལ་སྤྱིའི་འཇིགས་སྐུལ་བྱེད་སྒོ་བསྐྱར་ལོག་རྒྱག་པའི་རྒྱབ་ལྗོངས་ཆེན་པོའི་འོག ཀྲུང་གོའི་འཇིགས་སྐུལ་བྱེད་སྒོ་སླར་ཡང་མང་དུ་འགྲོ་བའི་རྣམ་པ་ཐོན་བཞིན་ཡོད་པ་མ་ཟད། འཇིགས་སྐུལ་བྱེད་སྒོ་སྤེལ་ཡུལ་གྱི་ཁྱབ་ཁོངས་རྒྱ་ཆེར་འགྲོ་བ་དང་། སྲིད་གཞུང་ལས་ཁུངས་དང་དམག་དཔུང་ཉེན་རྟོག་འཇབ་རྒོལ་བྱེད་ཡུལ་གཙོ་བོར་འཇོག་པ། འཇིགས་སྐུལ་སྟོབས་ཤུགས་ཀྱིས་སྟབས་བདེའི་མཚོན་ཆའི་རིགས་སྤྱད་དེ་ཉེས་བསག་བྱ་སྤྱོད་སྤེལ་བ་སོགས་ཀྱི་ཁྱད་ཆོས་གསར་པ་ཐོན་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

 སྙན་ཞུའི་ནང་གསལ་བར། གཞུང་ཕྱོགས་ཀྱིས་གནས་ཚུལ་སྤེལ་བ་དང་ཡོངས་བསྒྲགས་ཀྱི་དཔྱད་གཞིར་གཞིགས་ན། སྤྱི་ལོ2013ལོར། ཀྲུང་གོའི་མངའ་ཁོངས་ནང་རྩུབ་སྤྱོད་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་ཁྱོན་བཅུ་ཐོན་ཡོད་པ་རེད། རྒྱབ་ཤ་སྔོན་པོའི་དེབ་ནང་། ཉེ་བའི་ལོ་ཤས་ནང་ཐོན་པའི་གློ་བུར་དོན་རྐྱེན་ཚབས་ཆེན་ཁག་ཅིག་ལ་ཕྱོགས་བསྡུས་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད་པས། རྒྱལ་ནང་གི་སྟོབས་ཤུགས་གཙོ་བོ་ཁག་ཅིག་ཁོ་ནར་བརྟེན་ཚེ་སྔོན་འགོག་བྱ་ཐབས་མེད་ཅིང་། ད་དུང་གསང་འཕྲིན་དང་། ཕྱི་འབྲེལ་སོགས་སྡེ་ཁག་དང་གཞོགས་འདེགས་དམ་ཟབ་བྱེད་དགོས་ཀྱི་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག