མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་རིག་དངོས་ཅུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གནས་སྒྲིག་འཛུགས་ལ་དངོས་སུ་ཤུལ་བཞག་རེ་ཞུའི་ཡིག་ཆ་སྐྱེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-11 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རིག་དངོས་ཅུད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གནས་སྒྲིག་འཛུགས་ལ་དངོས་སུ་ཤུལ་བཞག་རེ་ཞུའི་ཡིག་ཆ་སྐྱེལ་བ་དང་། ཞན་ཧྥང་གི་ཐང་ཡ་ཐུ་སི་མཁར་རྫོང་དང་། ཧུའུ་ནན་གྱི་ཐུ་སི་མཁའ་རྫོང་རྙིང་པ། ཀུའེ་ཀྲོའུ་ཡི་ཧའེ་ལོང་ཐུན་གནའ་ཤུལ་བཅས་ཀྱིས་མཉམ་འབྲེལ་ཐོག་ཐུ་སིའི་ཤུལ་བཞག་གི་ཚབ་བྱས་ཏེ། ཀྲུང་གོའི་སྤྱི་ལོ2015ལོའི་འཛམ་གླིང་རིག་དངོས་ཤུལ་བཞག་ལ་རེ་ཞུ་བྱེད་པའི་རྣམ་གྲངས་ལ་གཏན་འཁེལ་བྱས་ཡོད། འཛམ་གླིང་གི་རིག་གནས་ཤུལ་བཞག་ལ་བདམས་པར་ངེས་པར་དུ་ཡོངས་ཁྱབ་ཀྱི་རིན་ཐང་དང་རང་བཞིན་གསུམ་ལྡན་དགོས་ཤིང་། རང་བཞིན་གསུམ་ཞེས་པ་ནི་གསར་གཏོད་རང་བཞིན་དང་། བརྒྱུད་བསྒྲགས་རང་བཞིན། ལོ་རྒྱུས་བདེན་དཔང་རང་བཞིན་བཅས་ཡིན། ཐུ་སིའི་མཁར་རྫོང་གནའ་ཤུལ་དེ་ད་ལོའི་གནའ་ཤུལ་རེ་ཞུ་བྱེད་པའི་ནང་བདམས་དགོས་དོན་ནི་གནའ་ཤུལ་དེ་དག་ཚང་མ་ད་བར་ཉར་ཚགས་བྱས་པའི་གཞི་ཁྱོན་ཆེ་ཞིང་། ཆ་ཚང་བ་དང་། ཕུན་སུམ་ཚོགས་པའི་ཐུ་སིའི་རིག་གནས་ཀྱི་འཐུས་ཚབ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས་ཡིན། དེ་དག་གིས་ཀྲུང་དབྱང་སྲིད་དབང་ནས་ལྷོ་ནུབ་གྲངས་ཉུང་མི་རིགས་ས་ཁུལ་གྱི་གོམས་སྲོལ་ལྟར་བདག་སྐྱོང་བྱེད་པའི་དོ་དམ་གྱི་བློ་རིག་བདེན་དཔང་བྱས་ཡོད་པས། རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་དང་མི་རིགས་རིག་གནས་ལ་སྲུང་སྐྱོང་བྱེད་པའི་ཐད་མངོན་གསལ་ལྡན་པའི་དོན་སྙིང་ལྡན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག