མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-11 10:12

李克强与肯尼亚总统肯雅塔举行会谈.jpg

ཟླ་ལྔ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁེན་ནི་ཡ་རྒྱལ་ཁབ་ཕོ་བྲང་ནས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་གྲོས་མོལ་མཛད།

李克强与肯尼亚总统肯雅塔举行会谈 1.jpg

ཟླ་ལྔ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁེན་ནི་ཡ་རྒྱལ་ཁབ་ཕོ་བྲང་ནས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་གྲོས་མོལ་མཛད།

李克强与肯尼亚总统肯雅塔举行会谈 2.jpg

  ཟླ་ལྔ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁེན་ནི་ཡ་རྒྱལ་ཁབ་ཕོ་བྲང་ནས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་གྲོས་མོལ་མཛད།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་ཁེན་ནི་ཡ་རྒྱལ་ཁབ་ཕོ་བྲང་ནས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་གྲོས་མོལ་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ན་ནིང་ཙུང་ཐུང་སྐུ་ཞབས་ལགས་ཀྱིས་ཕན་འབྲས་ལྡན་པའི་ངང་ཀྲུང་གོར་འཚམས་འདྲི་མཛད་དེ། ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བ་དེ་འདྲ་མཉམ་དང་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་སུ་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ལ་ཤུགས་སྣོན་པ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རོགས་སྐྱོར་བྱས་ནས། ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  ལིས་ཁི་ཆང་གིས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཁེན་ནི་ཡའི་དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། དངོས་གཉེར་མཉམ་ལས་ཀྱི་ཇུས་འགོད་དང་མཛུབ་སྟོན། མཐུན་སྦྱོར་བཅས་ཀྱི་བྱ་བ་གཙིགས་འཛིན་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་། དངུལ་ལོར། ནུས་ཁུངས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པའི་རེ་བ་བཏོན།

  ཁེན་ཡ་ཐ་ཡིས་ཁེན་ནི་ཡའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཙུང་ལི་ལིས་ཁི་ཆང་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ལ། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ནུས་པ་བཟང་བོ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

  གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ལག་རྩལ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། འཕྲོད་བསྟེན། ཞིང་ཕྱུགས་ཉ་ལས། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག