མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ནེ་རོ་པིར་ཕེབས་ཏེ་ཁེན་ནི་ཡ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:27

李克强抵达内罗毕对肯尼亚进行正式访问 1.jpg

  ཟླ་ལྔ་བའི་ཚེས་དགུ་ཉིན། ཁེན་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁིན་ཡ་ཐ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ནེ་རོ་པིའི་ཁིན་ཡ་ཐ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བསླེབས་ནས། ཁེན་ནི་ཡ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གནམ་གྲུ་གཅིག་ཏུ་བསྡད་དེ་ནེ་རོ་པིར་ཐོན། ཁེན་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁིན་ཡ་ཐ་དང་ཙུང་ཐུང་གཞོན་པ་ལུའུ་ཐོ་གཉིས་ཀྱིས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཁྲིད་དེ་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་དང་ལྕམ་མོ་ཁྲིན་ཧུང་ལ་བསུ་བ་ཞུས།

李克强抵达内罗毕对肯尼亚进行正式访问 2.jpg

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁེན་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁིན་ཡ་ཐ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཚེས་དགུ་ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ནེ་རོ་པིའི་ཁིན་ཡ་ཐ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བསླེབས་ནས། ཁེན་ནི་ཡ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གནམ་གྲུ་གཅིག་ཏུ་བསྡད་དེ་ནེ་རོ་པིར་ཐོན། ཁེན་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁིན་ཡ་ཐ་དང་ཙུང་ཐུང་གཞོན་པ་ལུའུ་ཐོ་གཉིས་ཀྱིས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཁྲིད་དེ་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་དང་ལྕམ་མོ་ཁྲིན་ཧུང་ལ་བསུ་བ་ཞུས། ཁེན་ནི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིག་ཞན་ཧྥ་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་སོགས་ལ་བསུ་བ་ཞུས།

  ཁེན་ནི་ཡའི་བྱིས་པས་ལིས་ཁི་ཆང་བཟའ་ཟླ་གཉིས་ལ་མེ་ཏོག་ཕུལ་བ་དང་། ས་དེའི་མང་ཚོགས་ཀྱིས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གླུ་གར་གྱིས་ཀྲུང་གོའི་སྐུ་མགྲོན་ལ་བསུ་བ་ཞུས།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁེན་ནི་ཡའི་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་བརྟན་འཇགས་དང་བདེ་བླག་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་ཞིང་རིམ་པ་མང་པའི་མཉམ་ལས་འབྲེལ་བའི་རྣམ་པ་ཆགས་ཡོད། ངས་ཐེངས་འདིར་ཁེན་ནི་ཡའི་མགོ་ཁྲིད་པར་ཕྱོགས་གཉིས་དང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཏེ། ཀྲུང་གོ་དང་ཁེན་ནི་ཡའི་བར་གྱི་འདྲ་མཉམ་དང་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།

  འཚམས་འདྲི་བྱེད་སྐབས། ལིས་ཁི་ཆང་གིས་ཁེན་ནི་ཡའི་མགོ་ཁྲིད་པར་ཐུག་འཕྲད་དང་གྲོས་མོལ་བྱས་ནས། ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ལ། ཁེན་ནི་ཡའི་ལས་རིགས་སོ་སོའི་མི་སྣ་དང་ཡོངས་ཁྱབ་ཏུ་ཐུག་འཕྲད་བྱེད་རྒྱུ་ཡིན་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཧྲི་ཐའེ་ན་དང་མི་སྡོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཁི་ལའོ་སི་གཉིས་ལ་ཐུག་འཕྲད་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག