མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཚོགས་གཙོ་ཡེ་ཐེན་ཡེ་ཡིས་ཁྲིད་པའི་འཇར་པན་རང་དབང་དམངས་གཙོ་ཏང་གི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་གནད་དོན་ཞིབ་འཇུག་ཚོགས་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:26

俞正声会见日本自民党亚非问题研究会代表团.jpg

     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་གཙོ་ཡེ་ཐེན་ཡེ་ཡིས་ཁྲིད་པའི་འཇར་པན་རང་དབང་དམངས་གཙོ་ཏང་གི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་གནད་དོན་ཞིབ་འཇུག་ཚོགས་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་གཙོ་ཡེ་ཐེན་ཡེ་ཡིས་ཁྲིད་པའི་འཇར་པན་རང་དབང་དམངས་གཙོ་ཏང་གི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་གནད་དོན་ཞིབ་འཇུག་ཚོགས་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

     མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་པན་བར་གྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཡིག་ཆ་བཞི་ཡི་རྨང་གཞིའི་སྟེང་དུ་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པར་ཁ་ཕྱོགས་པའི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་འདོད་ཚུལ་བཅངས་ཡོད། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ལེགས་བཅོས་བྱེད་ན་ངེས་པར་དུ་ལོ་རྒྱུས་དང་ཏེའོ་ཡུས་གླིང་ཕྲན་སོགས་འབུར་ཐོན་གནད་དོན་འོས་འཚམ་སྒོས་ཐག་གཅོད་དགོས་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་ལ་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་ནམ་ཡང་འགྱུར་བ་མེད། འཇར་པན་གྱི་ལས་རིགས་སོ་སོའི་མི་སྣས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་དེ་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་དུ་ཡང་བསྐྱར་ཞུགས་པའི་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག