མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ལན་ཁའོ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་མཛུབ་སྟོན་གནང་སྐབས་གསུངས་བཤད་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:00

习近平指导兰考县委常委班子专题民主生活会.jpg

  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས9ཉིན་ལན་ཁའོ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གི་ཏང་གིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་མཛུབ་སྟོན་གནང་སྐབས་གསུངས་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་དགུ་ཉིན་ལན་ཁའོ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་མཛུབ་སྟོན་གནང་སྐབས་གསུངས་རྒྱུར། སྤྱོད་ཚུལ་འཛུགས་སྐྲུན་ནི་ཡུན་རིང་གི་བརྗོད་དོན་གཙོ་བོ་ཡིན་པས། རྩ་ལག་མཉམ་བཅོས་བྱེད་པ་དང་རྒྱུན་དུ་བྱ་བ་དམ་འཛིན་བྱས་ནས་ཕན་འབྲས་མངོན་གསལ་ཐོབ་ཏུ་འཇུག་དགོས་ལ། གསར་ལེན་རྙིང་འདོར་མཉམ་འཛིན་དང་བདེན་སྐྱོར་ལོག་སྤངས་བྱས་པ་བརྒྱུད་ནས་བླངས་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་ཧུར་ཐག་སྒོས་ཏང་སྲོལ་དང་སྲིད་གཙང་བཟང་བོར་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་རྣམ་པ་རྩ་བ་ནས་བསྒྱུར་དགོས་ཟེར།

  སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ་ཞི་ཅིན་ཕེན་གྱིས་ཧི་ནན་ཞིང་ཆེན་གྱི་ལན་ཁའོ་རྫོང་དེ་རང་ཉིད་ཀྱིས་འབྲེལ་འདྲིས་བྱེད་སར་བདམས་པ་དང་། ཞི་ཅིན་ཕེན་གྱིས་ལན་ཁའོ་རྫོང་གི་སློབ་གསོ་ལག་ལེན་བྱ་འགུལ་ལ་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད། ད་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་དུ་ལན་ཁའོ་རྫོང་ལ་ཕེབས་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ་དང་ཐེངས་མང་པོར་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པར་མ་ཟད་ཆོག་མཆན་མཛུབ་སྟོན་གལ་ཆེན་གནང་།

  ཟླ་ལྔ་བའི་ཚེས་དགུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གནམ་གྲུ་ལས་བབས་མ་ཐག་ཏུ་ཧི་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གོ་ཀིན་མའོ་དང་ཧྲིན་ཀྲང་ཞེ་ཧྥུའུ་ཀྲན་གཉིས་ཀ་དང་མཉམ་དུ་ལན་ཁའོ་རྫོང་ལ་ཕེབས། ལམ་བར་དུ་ཁོང་གིས་ལན་ཁའོ་རྫོང་གིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ལན་ཁའོ་རྫོང་དུ་ཐོན་རྗེས་ཁོང་ཉིད་ཅོ་ཡུས་ལུའུ་ལས་བྱེད་པའི་སློབ་གླིང་དུ་ཕེབས་ནས་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་པར་མ་ཟད་མཛུབ་སྟོན་གནང་།

  ཚོགས་ཐོག་ཏུ་ལན་ཁའོ་རྫོང་ཏང་ཨུའི་ཧྲུའུ་ཅི་ཝང་ཞིན་ཅོན་གྱིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཞི་ཅིན་ཕེན་གྱིས་ཡར་ཞུ་ལ་ཉན་རྗེས་གསུངས་བཤད་གལ་ཆེན་གནང་སྟེ་ལན་ཁའོ་རྫོང་གི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དུས་སྐབས་སྔོན་མའི་བྱ་བ་དང་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ལན་ཁའོ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས་གནད་དོན་འདོན་པ་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཕན་ཚུན་ལ་གནད་དོན་འདོན་པ། མགོ་ཁྲིད་ཚན་ཁག་གི་ཁོངས་མི་རང་ཉིད་ཀྱིས་གནད་དོན་འཚོལ་བ་བཅས་ཟུང་འབྲེལ་བྱས་པ་དང་། མགོ་ཁྲིད་ཚན་ཁག་ཐུན་མོང་གིས་རྩད་ཆོད་པའི་གནད་དོན་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རང་ཉིད་ཀྱིས་རྩད་ཆོད་པའི་གནད་དོན་ཟུང་འབྲེལ་བྱས་ལ། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་འདོན་འདོད་པའི་བསམ་འཆར་དང་ཚོགས་འདུའི་སྔོན་ལ་འབྲེལ་འདྲིས་བྱེད་སྐབས་བཏོན་པའི་བསམ་འཆར། ཚོགས་ཐོག་ཏུ་ཕན་ཚུན་ལ་སྐྱོན་བརྗོད་བྱེད་སྐབས་བཏོན་པའི་བསམ་འཆར་བཅས་ཟུང་འབྲེལ་བྱས་ནས་སྣང་བརྙན་བཟང་བོ་བསྐྲུན་པ་དང་ཕན་འབྲས་བཟང་བོ་ཐོབ་ཟེར།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྫོང་རིམ་པས་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་ན་རྒྱུ་རྐྱེན་འཐུས་ཚང་དུ་གཏོང་བ་དང་ནུས་པ་ཇེ་ཆེར་གཏོང་རྒྱུ་དེ་ང་ཚོ་ཏང་གིས་སྲིད་འཛིན་རྒྱལ་དར་ཁྲོད་དུ་ནུས་པ་གལ་ཆེན་ལྡན་ལ། རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། རྫོང་རིམ་པའི་མགོ་ཁྲིད་བློ་མཐུན་གྱིས་གོ་གནས་ལ་གཅེས་སྤྲས་བྱེད་པ་དང་དབང་ཆ་དྲང་བཞག་སྒོས་བཀོལ་བ། བདེ་སྡོད་ལས་བརྩོན་བཅས་བྱས་ནས་མང་ཚོགས་ལ་ཕན་པའི་བྱ་བ་གང་མང་བསྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག