མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པེ་ཅིན་ནས་ཏང་ཕྱིའི་མི་སྣའི་ཆེད་དོན་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:00

126482470_13996388221201n俞正声主持召开党外人士专题调研座谈会.jpg

  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཚེས་དགུ་ཉིན་པེ་ཅིན་ནས་ཏང་ཕྱིའི་མི་སྣའི་ཆེད་དོན་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་མནའ་མཐུན་ཀྲུང་དབྱང་། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་། ཅིག་སན་སློབ་ཚོགས་ཀྲུང་དབྱང་བཅས་གདན་དྲངས་ནས་ཆེད་དོན་རྟོག་ཞིབ་ཀྱི་གནས་ཚུལ་ཐད་ནས་བརྗེ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཚེས་9ཉིན་པེ་ཅིན་ནས་ཏང་ཕྱིའི་མི་སྣའི་ཆེད་དོན་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་མནའ་མཐུན་ཀྲུང་དབྱང་། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་། ཆིག་སན་སློབ་ཚོགས་ཀྲུང་དབྱང་བཅས་གདན་དྲངས་ནས་ཆེད་དོན་རྟོག་ཞིབ་ཀྱི་གནས་ཚུལ་ཐད་ནས་བརྗེ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

  ཆེད་དོན་བཞུགས་མོལ་ཚོགས་འདུའི་སྟེང་ཡུས་ཀྲིན་ཧྲིན་གྱིས་གནད་དོན་ཁ་ཤས་ཐད་ནས་ཚང་མ་དང་མཉམ་དུ་བརྗེ་རེས་དང་བགྲོ་གླེང་མཛད། ཁོང་གིས་གསུངས་རྒྱུར། ཆེད་དོན་རྟོག་ཞིབ་བྱེད་པ་ནི་ཏང་ཕྱིའི་མི་སྣའི་སྲིད་ཞུགས་སྲིད་གླེང་གི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་སྲིད་ཏང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་དེ་ལམ་ལུགས་སུ་ཆགས་པར་བྱེད་པ་དང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་གནས་བབ་གསར་བ་དང་ལས་འགན་གསར་བས་ཏང་ཕྱིའི་མི་སྣའི་ཁྱད་སྟོབས་འདོན་སྤེལ་བྱེད་པར་རེ་བ་གསར་བ་བཏོན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་དོན་དངོས་གནད་དོན་ལ་དམིགས་ཏེ་ཆེད་དོན་རྟོག་ཞིབ་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་ཐད་ལ་དཔྱད་གཞི་འདོན་སྤྲོད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག