མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨན་ཀོ་ལའི་ཙུང་ཐུང་ཏོ་སི་སང་ཐོ་སི་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:00

李克强同安哥拉总统多斯桑托斯举行会谈1.jpg

  ཟླ5བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨན་ཀོ་ལའི་ཙུང་ཐུང་བཞུགས་ཤག་ནས་ཨན་ཀོ་ལའི་ཙུང་ཐུང་ཏོ་སི་སང་ཐོ་སི་དང་གྲོས་མོལ་མཛད།

李克强同安哥拉总统多斯桑托斯举行会谈2.jpg

  ཟླ5བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨན་ཀོ་ལའི་ཙུང་ཐུང་བཞུགས་ཤག་ནས་ཨན་ཀོ་ལའི་ཙུང་ཐུང་ཏོ་སི་སང་ཐོ་སི་དང་གྲོས་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས9ཉིན་གྱི་སྔ་དྲོར་ཨན་ཀོ་ལའི་ཙུང་ཐུང་བཞུགས་ཤག་ནས་ཨན་ཀོ་ལའི་ཙུང་ཐུང་ཏོ་སི་སང་ཐོ་སི་དང་གྲོས་མོལ་མཛད།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨན་ཀོ་ལའི་བར་མཛའ་བཤེས་ཟབ་མོ་ལྡན་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨན་ཀོ་ལའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཨན་ཀོ་ལ་གྲོགས་པོ་བཟང་བོ་དང་ཨ་ཧྥེ་རི་ཁ་གླིང་ཕྱོགས་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། ཨན་ཀོ་ལ་ཡིས་འཕེལ་རྒྱས་དང་བརྟན་འཇགས། ལས་ཞུགས་བཅས་གཙོ་ཡིན་པའི་རྒྱལ་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཨན་ཀོ་ལ་ཕྱོགས་དང་མུ་མཐུད་དུ་ཕན་ཚུན་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་པ་དང་། ཏང་བར་གྱི་འགྲོ་འོང་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  ཏོ་སི་སང་ཐོ་སི་ཡིས་བཤད་རྒྱུར། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། གཉིས་ཕན་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྒྲིལ་དང་རོགས་ལས་བྱེད་པར་ཤུགས་སྣོན་འདོད་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཨན་ཀོ་ལར་ཡོང་སྟེ་མ་དངུལ་གཏོང་བ་དང་། ཨན་ཀོ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུས་པར་མ་ཟད། དེའི་ཐད་ལ་མཐུན་རྐྱེན་མང་པོ་བསྐྲུན་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག