མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨན་ཀོ་ལ་ནས་ཕྱི་སྡོད་རང་མིའི་དམངས་འཚོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 10:31

李克强在安哥拉召开海外民生座谈会1.jpg

  ཟླ5བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨན་ཀོ་ལའི་རྒྱལ་ས་ལོ་ཨན་ཏ་ནས་ཕྱི་སྡོད་རང་མིའི་དམངས་འཚོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

李克强在安哥拉召开海外民生座谈会2.jpg

  ཟླ5བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨན་ཀོ་ལའི་རྒྱལ་ས་ལོ་ཨན་ཏ་ནས་ཕྱི་སྡོད་རང་མིའི་དམངས་འཚོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

李克强在安哥拉召开海外民生座谈会3.jpg

   ཟླ5བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨན་ཀོ་ལའི་རྒྱལ་ས་ལོ་ཨན་ཏ་ནས་ཕྱི་སྡོད་རང་མིའི་དམངས་འཚོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨན་ཀོ་ལའི་རྒྱལ་ས་ལོ་ཨན་ཏ་ནས་ཕྱི་སྡོད་རང་མིའི་དམངས་འཚོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཨན་ཀོ་ལར་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་དང་ཀྲུང་གོའི་སྤྱི་དམངས་ཀྱི་ཕྱི་སྡོད་རང་མིའི་དམངས་འཚོ་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན།

  གྲོས་ཚོགས་སྟེང་རྒྱལ་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས། ཀྲུང་གོའི་ཚོང་ལས་ཚོགས་པ་བཅས་ཀྱི་འཐུས་མིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ཀྱི་ཁེ་དབང་ལ་ཇི་ལྟར་སྲུང་སྐྱོབ་བཟང་བོ་བྱེད་པའི་ཐད་ལ་གྲོས་གཞི་བཏོན། ན་གཞོན་ལས་བཟོ་བའི་འཐུས་མིས་ད་རུང་ལིས་ཁི་ཆང་ལ་ཕྱི་སྡོད་རང་མིའི་ལས་བཟོ་བ་འཕེལ་རྒྱས་སྐོར་གྱི་ཡིག་ཐོག་གི་གྲོས་གཞི་ཕུལ།

  ལིས་ཁི་ཆང་གིས་གསུངས་རྒྱུར། དམངས་འཚོ་བྱ་བ་ནི་དོན་དག་གལ་ཆེན་ཞིག་ཡིན། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་ཁེ་ལས་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་སྲུང་སྐྱོབ་བྱེད་པ་ནི་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་ལ། ཏང་དང་སྲིད་གཞུང་གིས་ཁུར་དགོས་པའི་འགན་འཁྲི་ཡང་ཡིན་ཟེར།  

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ཀྱིས་རང་ཉིད་ཡོད་སའི་ཁྲིམས་ལུགས་བརྩི་སྲུང་བྱེད་པ་དང་། ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ནས། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་གང་ཐུབ་བྱེད་དགོས་ལ། ཀྲུང་གོའི་སྣང་བརྙན་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་པར་མ་ཟད། ང་ཚོས་གཞུང་ཚབ་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པ་དང་། ཕྱི་རྒྱལ་གྱི་གཞུང་ཚབ་སྲུང་སྐྱོབ་བྱ་བའི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག