མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཨུ་རུ་སིའི་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་པོ་ཧྲུའུ་ཝ་ལའོ་ཧྥུའུ་ལ་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:02

ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ནས་ཨུ་རུ་སིའི་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་པོ་ཧྲུའུ་ཝ་ལའོ་ཧྥུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས8ཉིན་པེ་ཅིན་ནས་ཨུ་རུ་སིའི་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་པོ་ཧྲུའུ་ཝ་ལའོ་ཧྥུའུ་དང་གྲོས་མོལ་མཛད། ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱི་མཛུབ་སྟོན་གྱི་སྒུལ་ཤུགས་འོག་ཏུ་ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་དེ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད། མི་འགྱང་བར་ཙུང་ཐུང་ཕུའུ་ཅིན་ལགས་ཀྱིས་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་ཡ་ཞིན་མགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཧྲང་ཧེ་གྲོས་མོལ་དེ་ཀྲུང་གོ་དང་ཨུ་རུ་སིའི་ཆེས་མཐོ་བའི་འབྲེལ་བའི་ཆུ་ཚད་དུ་འཕེལ་རྒྱས་སུ་གཏོང་རྒྱུ་རེད། ང་ཚོས་དེ་རིང་གི་གྲོས་མོལ་བརྒྱུད་ནས་ཆེས་གལ་ཆེ་བའི་གཙོ་གནད་དེ་དངུལ་གཏོང་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་སྟེང་བཞག་ནས་ལྟ་ཚུལ་བརྗེ་རེས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཧྲང་ཧེ་གྲོས་མོལ་ལ་གྲ་སྒྲིག་སྔར་ལས་ལེགས་པོ་བྱེད་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་འཕེལ་རྒྱས་གསར་བ་བྱུང་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ལ་ཐད་ཀར་དུ་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་བ་དེ་ཨུ་རུ་སིའི་དངུལ་གཏོང་འབྱུང་ཁུངས་ཨང་བཞི་བར་གྱུར་ཡོད། ཕྱོགས་གཉིས་ཀྱི་དངུལ་གཏོང་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལེགས་པོར་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཧུར་བརྩོན་རང་བཞིན་གྱི་ནུས་པ་བཟང་བོ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཧྲུའུ་ཝ་ལའོ་ཧྥུའུ་ཡིས་བསྟན་དོན། ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་ལྔ་བར་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དེ་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་མཐོན་པོ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཁྱབ་ཁོངས་སོ་སོའི་སྔར་ཡོད་ཀྱི་མཉམ་ལས་གྲུབ་འབྲས་དང་འཕེལ་རིམ་གྱི་རྨང་གཞིའི་སྟེང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། དངུལ་ལོར་སོགས་ཐད་ཀྱི་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག