མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་རྩེ་རིམ་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་བཞི་བའི་སྟེང་ཤིས་ཚིག་ཕུལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:02

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས8ཉིན་གྱི་སྔ་དྲོར་ཨ་པུའུ་ཅ་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་རྩེ་རིམ་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་བཞི་བར་ཞུགས་པར་མ་ཟད། ཁ་ཡིག་ལ«མཉམ་དུ་ཨ་ཧྥེ་རི་ཁ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས»ཞེས་པའི་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས8ཉིན་གྱི་སྔ་དྲོར་ཨ་པུའུ་ཅ་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་རྩེ་རིམ་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་བཞི་བར་ཞུགས་པར་མ་ཟད། ཁ་ཡིག་ལ«མཉམ་དུ་ཨ་ཧྥེ་རི་ཁ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས»ཞེས་པའི་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་དེ་འཛམ་གླིང་གིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་སུ་གྱུར་ཡོད། སྐབས་འདིའི་མཐོ་རིམ་གྲོས་ཚོགས་སྟེང་བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་བཏང་ནས་ལས་ཞུགས་གོ་སྐབས་གསར་སྐྲུན་བྱེད་དགོས་ཞེས་པ་བརྗོད་བྱ་གཙོ་བོ་བྱས་པ་དང་དངོས་ཡོད་དམིགས་ཡུལ་རང་བཞིན་ཧ་ཅང་ཆེ། ན་ནིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁར་འཚམས་འདྲི་མཛད་སྐབས། ཀྲུང་གོས་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ངོ་མ་དང་དངོས་གཉེར། མཛའ་བརྩེ། རྣམ་དག་བཅས་ཀྱི་ལྟ་ཚུལ་འཛིན་པའི་འདུ་ཤེས་བཏོན་པ་དང་། ང་ཚོས་འདུ་ཤེས་དེ་རྒྱུན་འཁྱོངས་བྱེད་ངེས་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁས་གཉིས་ཕན་མཉམ་ལས་བྱས་ནས་མི་གྲངས་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་གི་དཔལ་འབྱོར་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་གྱི་སྤྱི་གྲངས་དེ་འཛམ་གླིང་གི་ཨང་གཉིས་པ་ཡིན་ནའང་སྔར་བཞིན་དུ་ཧ་ཅང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། ད་ལྟའི་ཀྲུང་གོའི་འཕེལ་རྒྱས་དེ་ལས་ཞུགས་འཕར་སྣོན་ལ་རྐང་འཛུགས་པ་དང་དོ་མཉམ་འཕེལ་རྒྱས་ལ་དམིགས་པ་དང་། འདྲ་མཉམ་དྲང་བདེན་ཡིན་དགོས་ལ། དམངས་འཚོ་ལེགས་བཅོས་བྱེད་པར་ཡིད་འཇོག་བྱེད་བཞིན་ཡོད། ང་ཚོར་ལོ་ཧྲིལ་བོའི་འཕར་སྣོན་གྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་པར་ཡིད་ཆེས་དང་ནུས་པ་ཡོད་པར་མ་ཟད། དུས་ཡུན་རིང་བོ་ཞིག་ལ་མགྱོགས་མྱུར་སྒོས་འཕར་བར་སྲུང་འཛིན་བྱེད་ཐུབ་ཟེར།

ལིས་ཁི་ཆང་གིས་མཇུག་མཐར་གསུངས་རྒྱུར། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་རྣམ་དག་མཉམ་ལས་བྱས་ནས། ཨ་ཧྥེ་རི་ཁ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་མ་ཟད། འཛམ་གླིང་གི་དར་རྒྱས་ཡར་ཐོན་དང་ཡུན་རིང་ཞི་བདེ་ཡོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག