མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བཅིངས་འགྲོལ་དམག་གིས་ཀུན་སྤྱོད་འཛུགས་སྐྲུན་བྱེད་པ་དེས་ལྡོག་ཕྱོགས་དཔེ་འོས་ཀྱི་ཉེན་ཟོན་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་དམག་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས«ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས་པའི་སྐོར་གྱི་བརྡ་ཐོ»བཏང་སྟེ། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་ནན་མོ་བཅངས་པ་དང་། བྱེད་ཐབས་སྔར་ལས་དྲག་པོ་སྤྱད་དེ། སློབ་གསོ་ལག་ལེན་བྱ་འགུལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། གྲུབ་འབྲས་དངོས་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

«བརྡ་ཐོའི»ནང་བཀོད་དོན། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གནད་འགག་གི་དུས་སྐབས་སུ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་ཧ་ཅང་དུས་དང་འཁེལ་བ་དང་། ཧ་ཅང་གལ་ཆེན་ཞིག་ཡིན་པས། དེ་ལས་ཏང་ཀྲུང་དབྱང་གི་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བའི་རྣམ་འགྱུར་གསལ་བོ་མཚོན་ཡོད་ལ། ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་པར་མ་ཟད། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པར་རེ་བ་ནན་མོ་བཅངས་ཡོད་པ་མཚོན་ཟེར།

«བརྡ་ཐོའི»ནང་རིམ་པ་སོ་སོས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་ལག་ལེན་མཐར་ཕྱིན་བྱས་ནས། ཚད་གཞི་མཐོན་པོ་དང་རེ་བ་ནན་མོ། དངོས་འབེབ་དམ་འཛིན་བཅས་ཀྱི་སྒོ་ནས་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་གོ་རིམ་ལྟར་བྱ་བ་རེ་རེ་ཇི་མ་ཇི་བཞིན་དུ་བཟང་བོར་སྒྲུབ་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག