མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ལོ་ཨན་ཏར་ཕེབས་ཏེ་ཨན་ཀོ་ལ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:01

ཟླ5བའི་ཚེས8ཉིན། ཨན་ཀོ་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཏའོ་སི་སང་ཐའོ་སི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ལོ་ཨན་ཏའི་རྒྱལ་སྤྱི་གནམ་གྲུ་ཐང་དུ་བསླེབས་ནས། ཨན་ཀོ་ལར་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གནམ་གྲུ་གཅིག་ཏུ་བསྡད་དེ་ལོ་ཨན་ཏར་ཐོན།
ཟླ5བའི་ཚེས8ཉིན།ཨན་ཀོ་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཏའོ་སི་སང་ཐའོ་སི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ལོ་ཨན་ཏའི་རྒྱལ་སྤྱི་གནམ་གྲུ་ཐང་དུ་བསླེབས་ནས། ཨན་ཀོ་ལར་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས། པར་འདི་ནི་ཨན་ཀོ་ལའི་ཙུང་ཐུང་གཞོན་པ་ཝེ་སིན་ཐི་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་ལ་བསུ་བ་ཞུ་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨན་ཀོ་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཏའོ་སི་སང་ཐའོ་སི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཚེས8ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ལོ་ཨན་ཏའི་རྒྱལ་སྤྱི་གནམ་གྲུ་ཐང་དུ་བསླེབས་ནས། ཨན་ཀོ་ལར་དངོས་གཞའི་འཚམས་འདྲི་གནང་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གནམ་གྲུ་གཅིག་ཏུ་བསྡད་དེ་ལོ་ཨན་ཏར་ཐོན། ཨན་ཀོ་ལའི་ཙུང་ཐུང་གཞོན་པ་ཝེ་སིན་ཐི་ཡིས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཁྲིད་དེ་གནམ་གྲུ་ཐང་དུ་སོང་ནས་བསུ་བ་ཞུས། ཨན་ཀོ་ལར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀའོ་ཁི་ཞང་གནམ་གྲུ་ཐང་དུ་སོང་ནས་ཙུང་ལི་ལིས་ཁི་ཆང་སོགས་ལ་བསུ་བ་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཨན་ཀོ་ལ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་པོའི་འཕེལ་རྒྱས་ཆེས་མགྱོགས་པའི་འཐུས་ཚབ་གལ་ཆེན་ཞིག་ཡིན་ལ། ཨ་ཧྥེ་རི་ཁ་གླིང་གི་ནུབ་ལྷོ་ཕྱོགས་སུ་ཡོད་པའི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཀྱང་ཡིན། ངས་ཐེངས་འདིར་ཨན་ཀོ་ལའི་མགོ་ཁྲིད་པ་དང་ཕྱོགས་གཉིས་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་པ་མ་ཟད། ད་ལྟ་མཉམ་ལས་བྱས་པའི་རྨང་གཞིའི་སྟེང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་སྟེ། ཀྲུང་གོ་དང་ཨན་ཀོ་ལ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་སྣོན་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

འཚམས་འདྲི་བྱེད་སྐབས། ལིས་ཁི་ཆང་གིས་ཨན་ཀོ་ལའི་མགོ་ཁྲིད་པ་དང་ཐུག་འཕྲད་དང་གྲོས་མོལ་བྱས་ནས། ཀྲུང་གོ་དང་ཨན་ཀོ་ལ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་དགོངས་འཆར་བརྗེ་རེས་ཟབ་མོ་བྱེད་རྒྱུ་རེད། ལིས་ཁི་ཆང་གིས་ད་རུང་ཨན་ཀོ་ལར་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ལ་གཟིགས་སྐོར་གནང་བ་དང་། ཨན་ཀོ་ལར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་འཐུས་མིར་འཚམས་འདྲི་གནང་རྒྱུ་མ་ཟད། ཀྲུང་གོའི་དངུལ་གཏོང་ཁེ་ལས་དང་ཀྲུང་གོའི་སྤྱི་དམངས་ཀྱི་འཐུས་མི་དང་ཕྱི་སྡོད་རང་མིའི་དམངས་འཚོའི་གནད་དོན་ཐད་ནས་བཞུགས་མོལ་གནང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག