མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་ཆི་ཁོས་ཐི་དང་པེ་ཉིན་གྱི་ཙུང་ཐུང་ཡ་དབྱི། ཏོ་ཀིའི་ཙུང་ཐུང་ཧྥུའུ་ལོས། མ་ལེའི་ཙུང་ཐུང་མཱ་ལཱ་བཅས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨ་པུའུ་ཅ་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་རྩེ་རིམ་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་བཞི་བར་ཞུགས་པའི་ཐན་ཙན་ནི་ཡའི་ཙུང་ཐུང་ཆི་ཁོས་ཐི་དང་པེ་ཉིན་གྱི་ཙུང་ཐུང་ཡ་དབྱི། ཏོ་ཀིའི་ཙུང་ཐུང་ཧྥུའུ་ལོས། མ་ལེའི་ཙུང་ཐུང་མཱ་ལཱ་བཅས་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཅི་ཁོས་ཐི་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་དང་ཐན་ཙན་ནི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། མཉམ་ལས་ཀྱི་ཁ་གསབ་རང་བཞིན་ཧ་ཅང་ཆེ། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡའི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་ཧུར་ཐག་སྒོས་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཅིང་། མཉམ་ལས་ཀྱི་ལས་གཞི་ཆེན་པོ་ལག་བསྟར་བཟང་བོ་བྱེད་པ་དང་། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོ་དང་ཐན་ཙན་ནི་ཡའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཅི་ཁོས་ཐི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཏུ་གསུངས་བཤད་གནང་སྐབས་བཏོན་པའི་བཞི་དྲུག་གཅིག་གི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་སྤྱི་ཁོག་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་རྒྱ་ཆེའི་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་རེ་འདུན་དང་མཐུན་པས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མའི་རྒྱབ་སྐྱོར་ཐོབ། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་སྤྱི་ཁོག་དེ་དངོས་འབེབས་བཟང་བོ་བྱས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ཡ་དབྱི་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་པེ་ཉིན་བར་གྱི་མཉམ་ལས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་ཡོད་རྨང་གཞིའི་སྒྲིག་ཆས་ལས་གཞི་ལག་བསྟར་བྱེད་པ་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

ཡ་དབྱི་ཡིས་བཤད་རྒྱུར། པེ་ཉིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་མ་ཟད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ཧྥུའུ་ལོས་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། དེང་སྐབས་ཨ་ཧྥེ་རི་ཁའི་སྤྱིའི་ཞི་བདེ་བརྟན་འཇགས་ཀྱི་རྣམ་པ་སྔར་ལས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་མཉམ་དུ་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་བདེ་འཇགས་འགྲན་རྩོད་ཉིན་རེར་འབུར་ཐོན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཏོ་ཀི་དང་བཅས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་འཇིགས་སྐུལ་པར་ཁ་གཏད་འཇལ་བ་དང་རྒྱལ་ཁབ་བརྒལ་ཞིང་རྩ་འཛུགས་ཡོད་པའི་ཉེས་ཅན་ལ་རྡུང་རྡེག་བྱེད་པ་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། འཕེལ་རྒྱས་ལ་ཞི་བདེ་བརྟན་འཇགས་ཀྱི་ཁོར་ཡུག་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཧྥུའུ་ལོས་ཀྱིས་ཙུང་ལི་ལིས་ཁི་ཆང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དུ་གསུངས་བཤད་གནང་སྐབས་བཏོན་པའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་སྤྱི་ཁོག་དེར་ཡིད་འཐད་བྱུང་བའི་ཚུལ་བསྟན་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་བཤད།

ལིས་ཁི་ཆང་གིས་མཱ་ལཱ་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཕྱོགས་དང་མཉམ་དུ་ཞིང་ལས་དང་གློག་ཤུགས། རྨང་གཞིའི་སྒྲིག་ཆས། ཆ་འཕྲིན་འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་ཅིང་མཉམ་ལས་ཀྱི་རྣམ་པ་གསར་སྐྲུན་བྱས་ནས། མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་མ་ཟད་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

མཱ་ལཱ་ཡིས་བཤད་རྒྱུར། མ་ལེ་ཕྱོགས་ཀྱིས་ཙུང་ལི་ལིས་ཁི་ཆང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཏུ་གསུངས་བཤད་གནང་སྐབས་བཏོན་པའི་བཞི་དྲུག་གཅིག་གི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་སྤྱི་ཁོག་དེར་གཟེངས་བསྟོད་བྱེད་བཞིན་ཡོད་པར་མ་ཟད། སྤྱི་ཁོག་དེ་གྲུབ་འབྲས་ངོ་མ་རུ་འགྱུར་བར་འབད་བརྩོན་བྱས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀར་ཕན་འབྲས་ཐོབ་ཏུ་འཇུག་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག