མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:10

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས6ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁྲིམས་ལྟར་རང་བཙན་འདྲ་མཉམ་སྒོས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་ཐད་ནས་བཞུགས་མོལ་བརྗེ་རེས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས6ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁྲིམས་ལྟར་རང་བཙན་འདྲ་མཉམ་སྒོས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་ཐད་ནས་བཞུགས་མོལ་བརྗེ་རེས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲིན་ཅི་ཕེན་དང་ཧྲི་ཀྲུང་ཡན། ཐང་ཝེ་ཅན། ཞ་ཞན་ཕིན་སོགས་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ། ཁྲིམས་ལྟར་རང་བཙན་དང་འདྲ་མཉམ་སྒོས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་སྒྲིག་སྲོལ་ཇུས་གཞི་དང་ནང་རྐྱེན་འཁོར་སྐྱོད་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན་པར་མ་ཟད་གྲོས་བསྡུར་བྱས། ཨུ་ཡོན་རྣམས་ཀྱིས་བལྟས་ན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ཐབས་ཇུས་བཏོན་པ་དང་བཀོད་སྒྲིག་བྱས་ཤིང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་ཧ་ཅང་གལ་ཆེ་བའི་ཕྱོགས་གཅིག་ནི་ཆ་ཚང་ཡིན་པའི་ཁྲིམས་འཛིན་ལམ་ལུགས་དང་ཚན་རིག་དང་མཐུན་པའི་ཁྲིམས་འཛིན་དབང་ཆའི་སྒྲིག་ཆས། ཚད་ལྡན་ཡིན་པའི་ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་ནང་རྐྱེན་བཅས་ཆགས་པར་བྱེད་རྒྱུ་དེ་ཡིན་ལ། ཁྲིམས་ལྟར་རང་བཙན་འདྲ་མཉམ་སྒོས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་ནི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་ཡིན་པ་དང་ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་རེ་བ་ཡིན་པར་སྙམ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག