མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཆིན་མེན་ཏང་གི་ཀྲུའུ་ཞི་སུང་ཁྲུའུ་ཡུས་འཁོར་དང་བཅས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:10

ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཆིན་མེན་ཏང་གི་ཀྲུའུ་ཞི་སུང་ཁྲུའུ་ཡུས་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས7ཉིན་གྱི་ཕྱི་དྲོར་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཆིན་མེན་ཏང་གི་ཀྲུའུ་ཞི་སུང་ཁྲུའུ་ཡུས་འཁོར་དང་བཅས་པར་མཇལ་འཕྲད་གནང་། ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བའི་གྲུབ་འབྲས་དང་གནས་བབ་བཟང་བོར་གཅེས་འཛིན་བྱེད་རྒྱུ་ནི་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ཡོངས་ཀྱི་ཐུན་མོང་གི་སེམས་འདུན་དྲག་པོ་ཡིན། ང་ཚོས་འོས་འགན་ཡོད་པ་དང་ཡིད་ཆེས་ཡོད་པའི་སྒོ་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བར་སྲུང་སྐྱོང་བཟང་བོ་བྱས་ཏེ་འཕེལ་རྒྱས་སུ་གཏོང་དགོས། དགུ་གཉིས་ཐུན་མོང་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཏེ་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱས་ནས་མཚོ་འགག་འགྲམ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་ཕན་ཚུན་བར་འགྲོ་འོང་མང་པོ་བྱེད་པ་དང་བརྗེ་རེས་མང་པོ་བྱེད་པ། མཐུན་སྦྱོར་མང་པོ་བཅས་བྱས་ཏེ་ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ལ་སྐུལ་འདེད་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མས་ཁྱིམ་ཚང་གཅིག་ལྟ་བུའི་འདུ་ཤེས་བཟུང་ན་ད་གཟོད་ཕན་ཚུན་གྱི་ཡིད་ཆེས་དང་དགེ་སེམས་ཚོར་ཐུབ་པར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཉམ་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན་ཡང་ཅེ་ཁྲི་སོགས་མཉམ་དུ་མཇལ་འཕྲད་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག