མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་ཡེ་ཧྥེ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཡེ་ཧྥེ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས7ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། གྲོས་ཚོགས་ཀྱི་སྔོན་ལ་བློ་མཐུན་ཡེ་ཧྥེ་ཡི་ཁྱིམ་མིར་མཇལ་འཕྲད་གནང་། བློ་མཐུན་ཡེ་ཧྥེ་ནི་རྒྱལ་ཡོངས་དམངས་ཆེན་སྐབས་དྲུག་པ་དང་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་མཚོ་དམག་གི་སྔོན་ཆད་ཀྱི་ཆབ་སྲིད་ཨུ་ཡོན་དང་པོ་དང་དམག་སྤྱི་ཆེན་མོ་ཡིན། གཅིག་སྟོང་དགུ་བརྒྱ་ང་ལྔ་ལོར་ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་གནང་བ་དང་རིམ་པ་དང་པོའི་བརྒྱད་གཅིག་རྟགས་མ་དང་རིམ་པ་དང་པོའི་རང་དབང་རྟགས་མ། རིམ་པ་དང་པོའི་བཅངས་འགྲོལ་རྟགས་མ་བཅས་ཐོབ་ལ། སྐབས་དང་པོ་ནས་སྐབས་གསུམ་པའི་བར་གྱི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཅན་གོ་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་ཡེ་ཧྥེ་ཡི་འོད་སྟོང་འབར་བའི་གྲུབ་འབྲས་དང་ཕུལ་དུ་བྱུང་བའི་བྱས་རྗེས་ཕྱིར་དྲན་བྱས་པར་མ་ཟད། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ། མདུན་བསྐྱོད་བརྩོན་ལེན་དང་དཀའ་ཁག་ཁྱད་བསལ། གསར་གཏོད་གསར་སྐྲུན་བཅས་བྱས་ནས་བཅོས་བསྒྱུར་སྒོ་འབྱེད་རླབས་ཆེན་ལས་དོན་གྱི་ལོ་རྒྱུས་གསར་བ་འབྲི་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་བཞུགས་མོལ་ཚོགས་འདུར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག