མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཆིན་མེན་ཏང་གི་ཀྲུའུ་ཞི་སུང་ཁྲུའུ་ཡུས་འཁོར་དང་བཅས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:08

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས7ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆིན་མེན་ཏང་གི་ཀྲུའུ་ཞི་སུང་ཁྲུའུ་ཡུས་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས7ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆིན་མེན་ཏང་གི་ཀྲུའུ་ཞི་སུང་ཁྲུའུ་ཡུས་འཁོར་དང་བཅས་པར་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་གཏོང་བ་ནི་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་ནས་བདམས་པའི་གདམ་གསེས་ཡིན། ང་ཚོ་ཚང་མས་མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་གཞིར་བཟུང་སྟེ་ཡང་དག་པའི་ལྟ་ཚུལ་བཟུང་ན་ད་གཟོད་ཞི་འཇགས་སུ་གཏོང་མི་ཐུབ་པའི་དོན་དག་ཅི་ཡང་མེད་པ་དང་། ཁྱད་དུ་སེལ་མི་ཐུབ་པའི་དཀའ་ཁག་ཀྱང་ཅི་ཡང་མེད་ཅེས་ནན་གྱིས་གསུངས།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་སུང་ཁྲུའུ་ཡུས་དང་ཆིན་མེན་ཏང་གིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་དེར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པར་གདེང་འཇོག་ཚད་མཐོན་པོ་གནང་། ཆིན་མེན་ཏང་གིས་ཀྲུང་གོ་གཅིག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་ཐེ་ཝན་རང་བཙན་གྱི་ཁ་བྲལ་འཆར་གཞི་ལ་ངོ་རྒོལ་བྱེད་པ་དང་། ཐེ་ཝན་གྱི་ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བའི་ཁྱོན་ཡོངས་ལ་སྲུང་སྐྱོབ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་སྔར་ལས་ཇེ་མང་དུ་གཏོང་དགོས་ཟེར།

སུང་ཁྲུའུ་ཡུས་ཀྱིས་བཤད་རྒྱུར། ཆིན་མེན་ཏང་གིས་མཚོ་འགག་འགྲམ་གཉིས་དང་ཀྲུང་གོ་གཅིག་བརྟན་སྲུང་བྱས་ནས་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་གཞི་རྩའི་འདུ་ཤེས་ལ་ནམ་ཡང་འགྱུར་བ་མེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བའི་ཡང་དག་པའི་ཁ་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ་མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་ལ་དམིགས་ནས། མཚོ་འགག་འགྲམ་གཉིས་ཀྱི་གྲོས་མོལ་དང་བརྗེ་རེས་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་ངེས་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག