མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨེ་ཙི་ཨོ་ཕི་ཡའི་ཙུང་ཐུང་མུའུ་ལཱ་ཐུའུ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:08

ཚེས6ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡ་ཏི་སི་ཡ་པེ་པའི་རྒྱལ་ཁབ་ཕོ་བྲང་ནས་ཨེ་ཙི་ཨོ་ཕི་ཡའི་ཙུང་ཐུང་མུའུ་ལཱ་ཐུའུ་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་དང་ཙུང་ཐུང་མུའུ་ལཱ་ཐུའུ་ཡི་ལྕམ་མོ་མཱེ་ཨ་ཀྲ་གཉིས་མཇལ་འཕྲད་ལ་ཞུགས།
ཚེས6ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡ་ཏི་སི་ཡ་པེ་པའི་རྒྱལ་ཁབ་ཕོ་བྲང་ནས་ཨེ་ཙི་ཨོ་ཕི་ཡའི་ཙུང་ཐུང་མུའུ་ལཱ་ཐུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡ་ཏི་སི་ཡ་པེ་པའི་རྒྱལ་ཁབ་ཕོ་བྲང་ནས་ཨེ་ཙི་ཨོ་ཕི་ཡའི་ཙུང་ཐུང་མུའུ་ལཱ་ཐུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་མུའུ་ལཱ་ཐུའུ་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ཉིན་གཉིས་ཀྱི་རིང་ལ། བདག་གིས་ཙུང་ལི་ཧེ་མ་ཨེར་མ་ལི་ཡ་མུའུ་དང་ཕན་འབྲས་ལྡན་པའི་ངང་གྲོས་མོལ་བྱས་ཏེ། དུས་སྐབས་གསར་བའི་ཀྲུང་གོ་དང་ཨེ་ཙི་ཨོ་ཕི་ཡ་བར་གྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙི་ཨོ་ཕི་ཡའི་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཇེ་བརྟན་དུ་གཏོང་བ་དང་། ལྕགས་ལམ་དང་གཞུང་ལམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་བཟོ་སྐྲུན་ལས་རིགས་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་སྤེལ་ཞིང་། དངུལ་ལོར་དང་བཟོ་ལས་གླིང་གི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུའུ་ལཱ་ཐུའུ་ཡིས་ཙུང་ལི་ལིས་ཁི་ཆང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་གོའི་མགོ་ཁྲིད་པར་སྨོན་འདུན་བཟང་བོ་ཞུས། ཁོས་བཤད་རྒྱུར། ཨེ་ཙི་ཨོ་ཕི་ཡ་ཕྱོགས་ཀྱིས་སྔར་ལས་མང་པོའི་ཀྲུང་གོའི་ཁེ་ལས་ཨེ་ཙི་ཨོ་ཕི་ཡར་ཡོང་སྟེ་མ་དངུལ་གཏོང་བ་དང་ལས་སྐྲུན་བྱས་ནས། ཨེ་ཙི་ཨོ་ཕི་ཡའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག