མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་ཡེ་ཐེན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-07 10:58

ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་ཡེ་ཐེན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད།
ཚེས6ཉིན་གྱི་ཕྱི་དྲོར།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་ཡེ་ཐེན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད།
ཚེས6ཉིན་གྱི་ཕྱི་དྲོར།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་ཡེ་ཐེན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད། ཀྲང་ཏི་ཅང་དང་ཡེ་ཐེན་པེ་ཁི་ཧྥུའུ་གཉིས་ཀྱིས་མཉམ་དུ་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཅིར་ཅི་སི་སི་ཐན་གྲོས་ཁང་གི་མཉམ་ལས་བརྗེད་ཐོའི་སྟེང་མིང་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས6ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་ཡེ་ཐེན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཅིར་ཅི་སི་སི་ཐན་ནི་ཀྲུང་གོའི་ཆེས་གལ་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ཉེར་གཉིས་ཀྱི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དེས་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་དགོངས་དོན་མངོན་པར་མཚོན་ཡོད། ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱེད་རྒྱལ་ཁབ་ལ་ཕུན་སུམ་ཚོགས་པའི་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་འབྲེལ་བ་དེ་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་གཏོང་རྒྱུ་མཉམ་དུ་གཏན་འཁེལ་བྱས། ཀྲུང་གོས་མུ་མཐུད་དུ་མཛའ་མཐུན་ཁྱིམ་མཚེས་ཀྱི་འབྲེལ་བ་དང་མཐའ་འཁོར་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། འཐབ་ཇུས་གྲོགས་པོའི་འབྲེལ་བའི་རེ་བ་གསར་བ་གཞིར་འཛིན་པ་དང་ཁྱོན་ཡོངས་ནས་ཕྱོགས་གཉིས་ཀྱིས་བཀོད་པའི་གཅིག་མཐུན་གྱི་ལྟ་ཚུལ་སྣ་ཚོགས་ལག་བསྟར་དངོས་འབེབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

ཀྲང་ཏི་ཅང་གིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཅིར་ཅི་སི་སི་ཐན་གྲོས་ཁང་བར་གྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཐེངས་འདིར་བཀོད་པའི་མཉམ་ལས་བརྗེད་ཐོ་དེ་མགོ་རྩོམ་སར་བརྩིས་ནས་ཕན་ཚུན་བར་གྱི་མཛའ་མཐུན་མཉམ་ལས་ཤུགས་ཚད་ཇེ་ཆེར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།

ཡེ་ཐེན་པེ་ཁི་ཧྥུའུ་ཡིས་བསྟན་དོན། ཅིར་ཅི་སི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་མི་རབས་ནས་མི་རབས་བར་མཛའ་མཐུན་མཉམ་གནས་ཡིན་ལ། ཅིར་ཅི་སི་སི་ཐན་གྱིས་ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་པ་དང་དེར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ལ་སྒེར་སེམས་མེད་པར་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་བྱས་པ་དེ་ནམ་ཡང་ཅིར་ཅི་སི་སི་ཐན་མི་དམངས་ཀྱི་སེམས་ཁོངས་སུ་རི་མོ་བཞིན་བཀོད་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་སྣ་ཚོགས་གཞིར་བཟུང་ནས་ཀྲུང་གོ་དང་མཉམ་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་འགྱུར་མེད་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པར་མ་ཟད། ཅིར་ཅི་སི་སི་ཐན་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་ཕྱོགས་གཉིས་བར་གྱི་བརྗེ་རེས་ལ་སྔར་ལས་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ་ཀྲང་ཏི་ཅང་དང་ཡེ་ཐེན་པེ་ཁི་ཧྥུའུ་གཉིས་ཀྱིས་མཉམ་དུ་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཅི་ཨར་ཅི་སི་སི་ཐན་གྲོས་ཁང་གི་མཉམ་ལས་བརྗེད་ཐོའི་སྟེང་མིང་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག