མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་ཨེ་ཙི་ཨོ་ཕེ་ཡའི་ཙུང་ལི་ཧེ་ཨར་མ་ལིས་ཡ་མུའུ་རྣམ་གཉིས་ཡ་ཏི་སི་ཡ་པེ་པ་ནས་ཨ་ཏ་མ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་འགྲུབ་པའི་མཛད་སྒོར་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-07 10:58

ཟླ5བའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨེ་ཙི་ཨོ་ཕེ་ཡའི་ཙུང་ལི་ཧེ་ཨར་མ་ལིས་ཡ་མུའུ་རྣམ་གཉིས་མཉམ་དུ་ཡ་ཏི་སི་ཡ་པེ་པ་ནས་ཨ་ཏ་མ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་འགྲུབ་པའི་མཛད་སྒོར་ཞུགས་པར་མ་ཟད་དུས་སྐབས་གཉིས་པའི་བཟོ་སྐྲུན་ལས་མགོ་རྩོམ་པའི་དར་ཚོན་བཅད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨེ་ཙི་ཨོ་ཕེ་ཡའི་ཙུང་ལི་ཧེ་ཨར་མ་ལིས་ཡ་མུའུ་རྣམ་གཉིས་མཉམ་དུ་ཡ་ཏི་སི་ཡ་པེ་པ་ནས་ཨ་ཏ་མ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་འགྲུབ་པའི་མཛད་སྒོར་ཞུགས་པར་མ་ཟད་དུས་སྐབས་གཉིས་པའི་བཟོ་སྐྲུན་ལས་མགོ་རྩོམ་པའི་དར་ཚོན་བཅད།

ལིས་ཁི་ཆང་གིས་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་ལས་གཞིའི་འཛུགས་སྐྲུན་ལ་ཞུགས་པའི་རྒྱལ་ཁབ་གཉིས་ཀྱི་བཟོ་སྐྲུན་ལག་རྩལ་མི་སྣར་འཚམས་འདྲི་ཞུས། ཁོང་གིས་གསུངས་རྒྱུར། གཞུང་ལམ་འདིའི་འཛུགས་སྐྲུན་མི་སྣ་མང་ཤོས་ནི་ས་གནས་ཀྱི་བཟོ་བ་ཡིན་པ་ཤེས་རྗེས་ང་རང་ཧ་ཅང་དགའ་ཡོད། ད་ཐེངས་འཚམས་འདྲི་བྱེད་སྐབས་བདག་གིས་ཨེ་ཙི་ཨོ་ཕེ་ཡའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དངོས་སུ་མཐོང་བ་དང་། དེ་ལས་ཨེ་ཙི་ཨོ་ཕེ་ཡའི་དཔལ་འབྱོར་དེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཞུགས་པ་མཚོན་ཡོད་ཟེར།

ཧེ་ཨར་མ་ལིས་ཡ་མུའུ་ཡིས་ཤིས་ཚིག་འབུལ་སྐབས་ཀྲུང་གོ་ཕྱོགས་ཀྱིས་ལས་གཞི་དེ་ལག་བསྟར་བྱེད་པའི་ཐད་ལ་ནུས་པ་ཆེན་པོ་བཏོན་པར་བཀའ་དྲིན་ཞུས་པ་དང་། མྱུར་བགྲོད་གཞུང་ལམ་དེ་ལེགས་འགྲུབ་བྱུང་བ་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཅེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག