མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་ཧྥེ་རི་ཁའི་མཉམ་འབྲེལ་མནའ་མཐུན་སྤྱི་ཁྱབ་པུའུ་ནས་ཁ་ཡིག་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཐད་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-07 10:58

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས5ཉིན་ཡ་ཏི་སི་ཡ་པེ་པ་ན་ཡོད་པའི་ཨ་ཧྥེ་རི་ཁའི་མཉམ་འབྲེལ་མནའ་མཐུན་སྤྱི་ཁྱབ་པུའུ་ནས་ཁ་ཡིག་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཐད་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས5ཉིན་ཡ་ཏི་སི་ཡ་པེ་པ་ན་ཡོད་པའི་ཨ་ཧྥེ་རི་ཁའི་མཉམ་འབྲེལ་མནའ་མཐུན་སྤྱི་ཁྱབ་པུའུ་ནས་ཁ་ཡིག་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཐད་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཨ་ཧྥེ་རི་ཁས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་ཐད་ལ་ནུས་པ་གལ་ཆེན་བཏོན་པ་དང་། འཛམ་གླིང་སྣ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོར་གྱུར་བར་མ་ཟད་འཛམ་གླིང་གི་ཆབ་སྲིད་སྟེགས་བུའི་སྟེང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཨ་ཧྥེ་རི་ཁ་ནི་འཛམ་གླིང་ཡོངས་སུ་དཔལ་འབྱོར་འཕར་ཚད་ཆེས་མགྱོགས་པའི་ས་ཁུལ་ཁྲོད་ཀྱི་གཅིག་ཡིན་ལ། འཛམ་གླིང་ཡོངས་སུ་ཧ་ཅང་གལ་ཆེ་བའི་གསར་དར་ཚོང་ར་ཡིན་པ་དང་འཛམ་གླིང་ཡོངས་སུ་དཔལ་འབྱོར་འཕར་ཚད་ཆེས་མགྱོགས་པའི་ས་ཁུལ་ཞིག་ཀྱང་ཡིན། ཨ་ཧྥེ་རི་ཁའི་ལོ་རྒྱུས་ཡུན་རིང་ཞིང་འོད་སྟོང་འབར་བའི་རིག་གནས་ཡོད་པ་དང་འཛམ་གླིང་དཔལ་འབྱོར་གྱི་འབྱུང་ཁུངས་ཡིན་པས། མིའི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པར་གཏོང་བ་དང་བརྗེ་རེས་བརྒྱུད་སྤྲོད་ཐད་ལ་ནུས་པ་ཆེན་པོ་བཏོན་ཟེར།

ལིས་ཁི་ཆང་གིས་བཞི་དྲུག་གཅིག་གི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་སྤྱི་ཁོག་བཏོན་པ་སྟེ། འདྲ་མཉམ་ལྟ་ཚུལ་དང་མཐུན་སྒྲིལ་ཡིད་ཆེས། བཟོད་སྒོམ་འཕེལ་རྒྱས། གསར་སྐྲུན་མཉམ་ལས་བཅས་རྩ་དོན་བཞི་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་མཉམ་ལས་དང་དངུལ་ལོར་མཉམ་ལས། དབུལ་སེལ་མཉམ་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་ལས། མི་གཞུང་བརྗེ་རེས་མཉམ་ལས། ཞི་བདེ་བདེ་འཇགས་མཉམ་ལས་བཅས་བཟོ་སྐྲུན་ཆེན་པོ་དྲུག་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་རིམ་པ་འཕར་བར་བྱས་ནས་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ཐད་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག