མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཨ་པུའུ་ཅར་ཕེབས་ཏེ་ནི་ཀྲེ་རི་ཡར་དངོས་གཞིའི་འཚམས་འདྲི་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-07 10:58

ཟླ5བའི་ཚེས6ཉིན། ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་གྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨ་པུའུ་ཅ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཕེབས་ཏེ། ནི་ཀྲེ་རི་ཡར་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གནམ་གྲུ་གཅིག་ཏུ་བསྡད་དེ་ནི་ཀྲེ་རི་ཡར་ཐོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་གྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཟླ་ལྔ་བའི་ཚེས6ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨ་པུའུ་ཅ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ནས། ནི་ཀྲེ་རི་ཡར་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གནམ་གྲུ་གཅིག་ཏུ་བསྡད་དེ་ནི་ཀྲེ་རི་ཡར་ཐོན། ནི་ཀྲེ་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཝ་ལིས་སོགས་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་ལ་བསུ་བ་ཞུས་པ་དང་། ནེ་ཀྲི་རི་ཡའི་ཕོ་མོ་ན་གཞོན་ཚོས་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་བྱས་ནས། ལིས་ཁི་ཆང་བཟའ་ཟླ་གཉིས་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ནི་ཀྲེ་རི་ཡ་ནི་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་ཚོགས་པ་ཆེན་པོ་དང་པོ་ཡིན་ལ། ཨ་ཧྥེ་རི་ཁ་གླིང་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཀྱང་ཡིན། ངས་ཐེངས་འདིར་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ནི་ཀྲེ་རི་ཡའི་མགོ་ཁྲིད་པར་དགོངས་འཆར་བརྗེ་རེས་ཟབ་མོ་བྱེད་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ལ། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། སྲོལ་རྒྱུན་མཛའ་བཤེས་སྔར་ལས་འདོན་སྤེལ་བྱེད་པ་དང་། གཉིས་ཕན་མཉམ་ལས་ཇུས་འགོད་བྱས་ནས། ཀྲུང་གོ་དང་ནི་ཀྲེ་རི་ཡ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ནི་ཀྲེ་རི་ཡར་འཚམས་འདྲི་བྱེད་སྐབས། ལིས་ཁི་ཆང་ད་རུང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་གདན་དྲངས་པ་ལྟར། ཨ་པུའུ་ཅ་ནས་བསྡུས་པའི་སྐབས་ཉེར་བཞི་བའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་ཚང་འཛོམས་གྲོས་ཚོགས་སུ་ཞུགས་རྒྱུ་ཡིན་པར་མ་ཟད་དམིགས་བསལ་གྱི་ཞུ་ཚིག་འབུལ་རྒྱུ་དང་། གྲོས་ཚོགས་སུ་ཞུགས་པའི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཁ་ཤས་ལ་མཇལ་འཕྲད་གནང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག